ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

འབྲོག་པའི་བུ་མོ་ཕ་ཡུལ་དུ་ལོག་པ།

སྤེལ་དུས 2022-01-26 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            གནམ་མཚོའི་འགྲམ་དུ་སྐྱེས་པའི་ལོ་21ལ་སླེབས་པའི་བུ་མོ་བསྟན་འཛིན་སྒྲོལ་མ་དགུན་ཁའི་གུང་གསེང་སྐབས་ཁྱིམ་དུ་ལོག་པ་རེད། ཉིན་ཤས་གོང་གངས་ཆེན་པོ་བབས་པ་དེས་རྩྭ་ཐང་ཡོངས་ལ་ཁ་བས་བཀླུབས་རུང་ཕ་ཐུབ་ནོར་གྱིས་སྔ་པོ་ནས་ཕི་གཱ་རླངས་འཁོར་བཏང་སྟེ་བུ་མོ་དང་རྡོག་ཁྲེས་བླུགས་ནས་ཁ་བས་ཁེངས་པའི་གཞུང་ལམ་བརྒྱུད་རང་ཁྱིམ་དུ་འོང་ཡོད།
            2020ལོར་བསྟན་འཛིན་སྒྲོལ་མ་ཅང་སུའུ་བཟའ་བཅའ་དང་སྨན་རྫས་ལས་རིགས་ལག་རྩལ་སློབ་གྲྭར་རྒྱུགས་འཕྲོད་ནས་ཀྲུང་ལུགས་སྨན་རྫས་རིག་པའི་ཆེད་ལས་ཀྱི་སློབ་ཆེན་སློབ་མ་ཞིག་ཏུ་གྱུར་ཞིང་། བསྟན་འཛིན་སྒྲོལ་མ་ཕ་ཡུལ་ནས་ཁ་བྲལ་རྗེས་ཕྱིའི་འཇིག་རྟེན་གྱི་རྣམ་པ་གསར་རྐྱང་ཞིག་མཐོང་བ་མ་ཟད། སློབ་གྲོགས་གསར་པ་མང་པོ་ཞིག་ངོ་ཤེས་ཡོད་ལ་གྲོགས་པོ་གསར་པ་མང་པོ་ཞིག་ཀྱང་བསྒྲིགས་ཡོད།
            དགུན་ཁའི་གུང་གསེང་བཞག་རྗེས་བསྟན་འཛིན་སྒྲོལ་མ་རང་ཉིད་ཀྱི་ཕ་ཡུལ་འདམ་གཞུང་རྫོང་གནམ་མཚོ་ཤང་ཇ་དཀར་གྲོང་ཚོར་ལོག་པ་དང་། ཆུང་དུས་ནས་འབྲོག་རར་་འཚར་ལོངས་བྱུང་བའི་བུ་མོ་དེས་ཕ་ཡུལ་ལ་བརྩེ་སེམས་ཟབ་མོ་བཅངས་ཤིང་། འདིར་ཁོང་གི་རྒྱུས་མངའ་ཆེ་བའི་ཁོར་ཡུག་དང་། ནོར་ལུག ནང་མི། ཡུལ་མི་སོགས་ཡོད་པ་རེད།
            བསྟན་འཛིན་སྒྲོལ་མས་ཕ་ཡུལ་དང་ཁ་བྲལ་དོན་ནི་རང་ཉིད་དེ་བས་འཇོན་ཐང་ལྡན་པའི་ངང་ལོག་རྒྱུའི་ཆེད་དུ་ཡིན། འབྱུང་འགྱུར་ཕ་ཡུལ་དུ་ལོག་རྗེས་ནང་མི་རྣམས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱེད་རྒྱུ་དང་། སྤྱི་ཚོགས་དང་མི་དམངས་ལ་ཕན་པ་འདོགས་པའི་མི་ཞིག་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

པར་①ནི་བསྟན་འཛིན་སྒྲོལ་མས་ཁྱིམ་མཚེས་ཀྱི་བུ་མོ་ཆུང་ཆུང་ལ་དབྱིན་ཡིག་ཟུར་ཁྲིད་བྱེད་བཞིན་པ།

པར་②ནི་བསྟན་འཛིན་སྒྲོལ་མས(གཡས)རང་ཁྱིམ་གྱི་འོ་མ་སོས་པ་འཐུང་བཞིན་པ།

པར་③ནི་བསྟན་འཛིན་སྒྲོལ་མའི(གཡས་ཀྱི་གཉིས་པ)ནང་མི་མཉམ་འཛོམས་ཀྱི་དྲན་རྟེན་པར་ཡིན་པ།

པར་④ནི་བསྟན་འཛིན་སྒྲོལ་མས་རང་ཁྱིམ་གྱི་བེའུ་དང་རྩེད་མོ་རྩེ་བཞིན་པ། 
རྩོམ་སྒྲིག་པ། བདེ་སྒྲོན།