ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཞབས་ཞུའི་འཇོན་ཐང་ཆེ་རུ་བཏང་བ།

སྤེལ་དུས 2022-01-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པར་2022ལོའི་ལྗོངས་ཡོངས་ཀྱི་གནམ་གཤིས་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2021ལོར། བོད་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཀྱི་གེགས་འགོག་གེགས་སེལ་གྱི་འགོག་སྲུང་འཛིང་རགས་དང་པོ་ཧུར་ཐག་བསྐྲུན་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་རུ་གཏོང་བ། གནམ་གཤིས་དེང་རབས་ཅན་གྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“གཙང་པོ་གཉིས་དང་ཆུ་བོ་བཞིའི”ཆུ་འགོ་དང་ས་མཐོའི་འཁྱགས་རོམ་ཉམས་ཞན་ཁུལ་སོགས་འཁྱགས་རོམ་བར་ཁྱམས་ཀྱི་ལྟ་ཞིབ་ས་ཚིགས་12སྔ་རྗེས་སུ་བསྐྲུན་པ་དང་། རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་88བསྐྲུན་པས་ལྗོངས་ཡོངས་ཀྱི་ས་ཚིགས་བསྡོམས་འབོར་1033ཟིན་ཡོད།
          2021ལོར། གཞིས་རྩེ་དང་མེ་ཏོག་རྫོང་གི་རྒྱལ་ཁབ་གནམ་གཤིས་ལྟ་ཞིབ་སྟེགས་བུ་བསྐྲུན་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ་དང“ས་མཐོའི་ས་ཁོངས་ཀྱི་ཆུའི་འཁོར་སྐྱོད་ཕྱོགས་བསྡུས་གནམ་གཤིས་ལྟ་ཞིབ་ཚད་ལེན་ཚོད་ལྟའི་རྟེན་གཞིའི”སྒོ་བྱང་བཀལ་ནས་འཁོར་རྒྱུག་བྱས་པ་དང་། དུས་ཐུང་ནང་སྔོན་བརྡ་གཏོང་སའི་ལས་སྟེགས་སྤྱོད་འགོ་བཙུགས་པས་གནམ་གཤིས་ལེ་ཏ་12ཀྱི་པར་སྒྲིག་བེད་སྤྱོད་ཐུབ་པ་དང་། གཙོ་གནད་ས་ཁོངས་ཀྱི་ཆུ་ཚོད་0ནས་2ནང་གི་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་སྐར་མ་40ཡི་སྔ་ནུར་དུ་བཏང་བ། ལོ་ཧྲིལ་པོར་གནམ་གཤིས་ཞབས་ཞུའི་ཐོན་རྫས་རིགས་ཁྲི་1.7ལྷག་ཙམ་ཁྱབ་བསྒྲགས་བྱས་པ་དང་། གནམ་གཤིས་གནོད་འཚེའི་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་ཐེངས་701ཁྱབ་བསྒྲགས་བྱས་པ། རིམ་རྩིས་བྱས་ན། མི་ཐེངས་ཁྲི་4744ལ་ཁྱབ་པ་དང་སྤྱི་དམངས་ཀྱི་གནམ་གཤིས་ཞབས་ཞུར་བློ་ཡིད་ཚིམ་ཚད་ལོ་འཁོར་གོང་མ་ལས་བརྒྱ་ཆའི་གྲངས་5ཡིས་མཐོ་རུ་ཕྱིན་ཡོད་པ་རེད།