ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱི"ཁུལ་གསུམ་དང་ཐིག་གསུམ"དབྱེ་མཚམས་ཕྱེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

སྤེལ་དུས 2022-05-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་16ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཁུལ་གསུམ་དང་ཐིག་གསུམ་དབྱེ་མཚམས་ཕྱེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།
  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་ཤའོ་ཡིའུ་ཚའེ་བཅས་ཚོགས་འདུར་ཞུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
  ཡན་ཅིན་ཧའེ་ཡིས། "ཁུལ་གསུམ་དང་ཐིག་གསུམ"ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་མཚམས་ཕྱེ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་གཅད་དང་། སྐྱེ་ཁམས་བདེ་འཇགས་སྲུང་གཅད། འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་བཅས་གལ་ཆེན་ཞིག་ཡིན་པས། བོད་ཀྱི་ཁུལ་གསུམ་དང་ཐིག་གསུམ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་མཚམས་འབྱེད་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུ་དང་ཡང་འབྲེལ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ལ་བསམ་གཞིག་བྱེད་ཤུགས་ཆེ་རུ་བཏང་སྟེ "ཁུལ་གསུམ་དང་ཐིག་གསུམ"དབྱེ་མཚམས་ཕྱེ་བའི་ཆབ་སྲིད་ཀྱི་རང་བཞིན་དང་། འཐབ་ཇུས་ཀྱི་རང་བཞིན། རྨང་གཞིའི་རང་བཞིན། སྤྱི་ཡོངས་ཀྱི་རང་བཞིན། ཧ་ཅང་གལ་ཆེའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཡུན་གནས་རང་བཞིན་གྱི་གཞི་རྩའི་ས་ཞིང་སྲུང་རྒྱུ་ནི་མཐའ་ཚད་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་དམར་ཐིག་ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་འགྱུར་མེད་གཅུན་འདོམས་ཡིན་པ་བཅས་མཐའ་འཁྱོངས་བྱེད་པ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་གཏན་འཁེལ་གཉིས་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
  ཡན་ཅིན་ཧའེ་ཡིས། གནད་དོན་ལ་དམིགས་ཏེ་མཐའ་ཚད་ཀྱི་བསམ་གཞིར་ཤུགས་སྣོན་རྒྱག་པ་དང་། བསམ་བློའི་ངོས་འཛིན་དང་། རྩ་འཛུགས་ཀྱི་འགོ་ཁྲིད། རྨང་གཞི་འགན་ལེན། སྤྱི་འདོམས་མཐུན་སྦྱོར། ལམ་ལུགས་ཀྱི་ཚད་གཞི་སོགས་ཐད་ཀྱི་ཞན་ཆ་མགྱོགས་མྱུར་སེལ་ནས"ཁུལ་གསུམ་དང་ཐིག་གསུམ"དབྱེ་མཚམས་ཕྱེ་བའི་ལས་དོན་ཚན་རིག་དང་མཐུན་ཞིང་ཕན་འབྲས་ཆེན་པོས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་ཡོངས་ནས་ཇུས་འགོད་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) དངོས་ཐོག་བདེན་འཚོལ་དང་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ། གདིང་གཞི་གང་མགྱོགས་མཐིལ་རྟོགས་བཅས་བྱས་ནས་རང་བྱུང་ས་ཁམས་དང་། ཐོན་ཁུངས། མི་འབོར། འགྲིམ་འགྲུལ། ཆུ་བེད་སོགས་ཀྱི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་ཡག་པོ་བྱེད་དགོས། “བསམ་ཇུས་གཅིག”གི་བསམ་བློར་བརྟེན་ནས་གྲོང་ཁྱེར་དང་ས་ཁུལ་ཁག་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོར་སྤྱི་འདོམས་བྱེད་དགོས་ལ། ཞིང་ལས་དང་། སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་ཅན་སོགས་ཀྱི་ལས་དོན་ཁག་གི་བར་སྟོང་གི་དགོས་མཁོར་སྤྱི་འདོམས་ཀྱང་བྱེད་དགོས་པ་དང་། མི་འབོར་དང་ཐོན་ཁུངས་སོགས་རྒྱུ་རྐྱེན་གཙོ་བོའི་གནས་ཚུལ་ལ་སྤྱི་འདོམས་བྱས་ནས་ས་ཆ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། “སྲོལ་མང་གཅིག་སྒྲིལ”མངོན་འགྱུར་བྱས་ཏེ་བར་སྟོང་ཁོ་ནའི་རང་བཞིན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། གཞི་རིས་དང་། ཚད་གཞི། འཆར་འགོད། ལས་སྟེགས་བཅས་གཅིག་གྱུར་གྱིས“གྲངས་ཐིག་རི་མོ”གཅིག་གྱུར་ཡོང་བར་བྱས་ནས་འཆར་འགོད་གཅིག་གིས་ལྗོངས་ཡོངས་ལ་དོ་དམ་དང་དཔེ་རིས་གཅིག་གིས་ཚང་མ་མཚོན་ཐུབ་པར་བྱེད་དགོས། ཕུགས་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ་དང་། མིག་སྔ་དང་སླད་ཕྱིན་དང་། སྲུང་སྐྱོང་དང་གསར་སྤེལ། གྲོང་ཁྱེར་དང་གྲོང་གསེབ། རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་དང་བདེ་འཇགས། མཐའ་སྟོབས་དང་དམངས་ཕྱུག་བཅས་ལ་སྤྱི་འདོམས་བྱེད་པ། འགྱུར་མེད་གཅུན་འདོམས་ཁྲོད་ཇུས་འགོད་བཀོད་སྒྲིག་བྱེད་མཁས་པོ་དང་ཆ་རྐྱེན་གྱི་ཚོད་འཛིན་འོག་ལེགས་སྒྲུབ་ལེགས་གཏོང་བྱེད་མཁས་པོ་བྱས་ནས་འབྱུང་འགྱུར་བར་སྟོང་གི་དཔེ་རིས་སྤུས་ཚད་ལེགས་པོས་འགོད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ཏེ་མཐུན་སྦྱོར་གྱི་བསམ་བློར་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མི་སྣ་བཀོད་སྒྲིག་འདང་ངེས་བྱེད་པ། འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་པ། ལས་དོན་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དབྱེ་མཚམས་ཕྱེ་བའི་ལས་དོན་དུས་བཀག་ལྟར་སྤུས་ཚད་ལེགས་པོས་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།