ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱིས་འདི་ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུའི་ཚོགས་འདུ་དང་2023ལོའི་སྔོན་རྩིས་འཆར་འགོད་གནས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུ་འཚོགས་པ།

སྤེལ་དུས 2022-11-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་25ཉིན་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱིས་འདི་ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་བའི་ཚོགས་འདུ་དང་2023ལོའི་སྔོན་རྩིས་འཆར་འགོད་གནས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཏེང་ཡེ་ཤན་ཚོགས་འདུར་ཞུགས་ཡོད་པ་རེད།
  ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“རིམས་ནད་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། གོང་འཕེལ་བདེ་འཇགས་ལྡན་པ”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱེད་པའི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་གཞིར་བཟུང་མིག་སྔའི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་ཞིབ་གཅོད་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་རྣམ་གྲངས་གལ་ཆེན་དང་། ཐོན་ལས་གལ་ཆེན། སྲིད་ཇུས་གལ་ཆེན་བཅས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུངས་ནས་ཉེན་ཁ་ཆེ་རིགས་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྩེ་རིམ་ཇུས་འགོད་ལ་དམ་འཛིན་ཡག་པོ་བྱེད་པ་དང་དཔལ་འབྱོར་བརྟན་པོ་ཡོང་བའི་བྱ་ཐབས་ཁག་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་འབྲས་ཡག་ཤོས་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།