ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱིས་དྲ་རྒྱའི་བདེ་འཇགས་ལ་ཞིབ་བཤེར་བྱས་ནས་གྲངས་གཞིའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

སྤེལ་དུས 2022-12-23 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  སྤྱི་ཡོངས་ཀྱི་དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་དང་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཨང་དང་པོ་བརྟན་དུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ཆ་འཕྲིན་ལྟེ་གནས་ཀྱིས་ལས་སྒོའི་ཁོའོ་དང་ཁང་ཁག་གི་དུས་ཚིགས་བཞི་པའི་དྲ་རྒྱའི་བདེ་འཇགས་ལ་ཞིབ་བཤེར་བྱས་ནས་སྤྱི་ཡོངས་ཀྱི་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་འགན་ལེན་ནུས་ལྡན་བྱས་པ་རེད།
  གྲལ་བཤེར་བྱེད་པའི་བརྒྱུད་རིམ་ནང་གསང་སྲུང་བདེ་འཇགས་ཀྱི་མཉེན་ཆས་གཙོ་གནད་ཐོག་སྤྱད་དེ་བསྡོམས་རྩིས་ཀྱི་ཆེད་དོན་རྩིས་འཁོར་སྤྱོད་སྐབས་ཕྱིའི་དྲ་བ་དང་སྦྲེལ་མཐུད་བྱས་ཡོད་མེད་དང་། USBནང་འཇུག་བྱས་ཡོད་མེད། གསང་འབྲེལ་ཡིག་ཆ་ཐག་གཅོད་བྱས་ཡོད་མེད་སོགས་ཀྱི་གནད་དོན་ལ་ལྟ་ཞིབ་བྱས་ནས་ལས་བྱེད་པ་དང་ལས་བཟོས་གྲངས་གཞིའི་བདེ་འཇགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཁོང་དུ་ཆུད་ཚད་ལ་གླེང་མོལ་དང་ཤེས་རྟོགས་བྱས་པ་དང་འབྲེལ་འཕྲུལ་ཁང་གསར་རྙིང་གི་སྒྲིག་ཆས་དང་དེ་བཞིན་ཁོར་ཡུག་ལ་ཞིབ་བཤེར་བྱས་པ་རེད། གྲལ་བཤེར་བྱས་པ་བརྒྱུད་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་གསང་འབྲེལ་མིན་པའི་རྩིས་འཁོར་དང་བསྡོམས་རྩིས་དྲ་བའི་ནང་གི་རྩིས་འཁོར་ཚད་ལྡན་ངང་སྤྱོད་ཐུབ་པ་མ་ཟད། གྲངས་གཞིའི་བདེ་འཇགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་དང་འཕྲུལ་ཁང་གསར་རྙིང་གི་སྒྲིག་ཆས་ཁག་འཁོར་སྐྱོད་ཡག་པོ་བྱས་པས་འབྲེལ་ཡོད་གནད་དོན་གང་ཡང་ལྷག་མེད་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བདེ་འཇགས་ཞིབ་བཤེར་གྱིས་སྤྱི་ཡོངས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ཆ་འཕྲིན་ལྟེ་གནས་ཀྱིས་སྤྱི་ཡོངས་ཀྱི་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་རྒྱུན་མཐུད་ངང་འགན་ལེན་ཡག་པོ་བྱེད་རྒྱུ་ཡིན་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།