ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་སྨན་ཁང་འདིར་ཉིང་དཔྱད་འབྲས་བུ་དགོས་མི་འདུག

སྤེལ་དུས 2022-12-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ཆེའི་ནད་པ་ཚོས་སྨན་པར་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་པ་དང་སྨན་པར་སྟོན་པའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་གཏོང་ཆེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་གསར་པར་གཞིགས་ནས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྨན་ཁང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སླར་ཡང་ལེགས་སྒྲིག་དང་ཇེ་ལེགས་སུ་བཏང་སྟེ། ཟླ12པའི་ཚེས19ཉིན་གྱི་ཆུ་ཚོད15དང་སྐར་མ30ནས་བཟུང་། ནད་པ་ཚང་མ་སྨན་ཁང་དུ་སྨན་བཅོས་བྱེད་དུ་ཡོང་སྐབས་སུ་ཆུ་ཚོད48ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་སྟོན་མི་དགོས་པའི་གཏན་འབེབས་བྱས་འདུག
  བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་རྒྱ་ཆེའི་གྲོང་མི་ཚོར་དྲན་སྐུལ་བྱས་དོན། སྨན་ཁང་དུ་མ་བསྐྱོད་གོང་སྔོན་ལ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དམངས་ཕན་ཞབས་ཞུའི་ལས་སྟེགས་བརྒྱུད་ནས་སྔོན་མངགས་དང་ཨང་ཀི་བཀག་ཆོག་གི་ཡོད་ལ། སྨན་ཁང་ནང་དུ་སླེབས་རྗེས་རུབ་རུབ་དང་། བསྡུ་འཛོམས། ཀར་ཀོར་བཅས་མི་བྱེད་པར།  བར་ཐག་ལ་སྨི1ཡན་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  རང་རྟོགས་ཡོད་པའི་སྒོ་ནས་ནད་བརྟག་ཁང་གཅིག་ཏུ་སྨན་པ་གཅིག་དང་ནད་པ་གཅིག་ལས་མེད་པར་བྱེད་དགོས། 
  བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་དྲན་སྐུལ་བྱས་དོན། གྲོང་མི་ཚོས་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་སྐད་འཕྲིན་སྤྱི་རྟགས་ནས་སྔ་སྣུར་དུ་ཨང་ཀི་བཀག་པ་དང་སྨན་རིན་སྐྱེལ་ཆོག་ལ། སྨན་ཁང་དུ་འབྱོར་རྗེས་སུ་བརྒྱུད་རིམ་ཧྲིལ་པོར་ཁ་རས་ཡང་དག་པར་བརྒྱབ་ནས། རུབ་རུབ་དང་། བསྡུ་འཛོམས། ཀར་ཀོར་བཅས་མི་བྱེད་པར་བར་ཐག་ལ་སྨི1ཡན་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ས་རང་རྟོགས་ཡོད་པའི་སྒོ་ནས་ནད་བརྟག་ཁང་གཅིག་ཏུ་སྨན་པ་གཅིག་དང་ནད་པ་གཅིག་ལས་མེད་པར་བྱེད་དགོས།  ཕྱོགས་བསྡུས་སྨན་བཅོས་ཁུལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་བློ་འདྲིའི་ཁ་པར་ཨང་གྲངས་ནི0891-6371706དང་། ཧྥུའུ་ཁང་སྨན་ཁང་གི་བུད་མེད་དང་བྱིས་པའི་སྨན་ཁང་ཁུལ་གྱི་བྱིས་པའི་ཚན་ཁག་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་བློ་འདྲིའི་ཁ་པར་ཨང་གྲངས་ནི0891-6900128རེད།
  རྩོམ་སྒྲིག་པ། བདེ་སྒྲོན།