ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལིའུ་ཅང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བསྐོས་པ།

སྤེལ་དུས 2023-10-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་དྲ་བའི“འགོ་ཁྲིད་ངོ་སྤྲོད”ལེ་ཚན་ནང་ལིའུ་ཅང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིར་བསྐོ་གཞག་བྱས་པ་འཁོད་ཡོད་པ་རེད།
  ཡོངས་བསྒྲགས་དཔྱད་ཡིག་ལས་མངོན་པར། ལིའུ་ཅང་། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་6པར་འཁྲུངས། སི་ཁྲོན་ཆུས་རྫོང་གི་མི། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཀྲུང་གུང་ཏང་ཡོན།
ལིའུ་ཅང་།
  ཁོང་བོད་དུ་ཕྱག་ལས་ལོ་མང་གནང་མྱོང་བ་དང་། དེ་སྔ་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན། ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཐིང་ཀྲང་གཞོན་པ(ཐིང་ཀྲང་རྒན་པ་རིམ་པ) ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་སོགས་ཀྱི་འགན་བཞེས་མྱོང་ཡོད།