གཞིས་རྩེ་བསམ་གྲུབ་རྩེས་མ་འཇོག་སྒོར་དུང་ཕྱུར57.2ལ་མིང་རྟཊ་བཀོད།
སྤེལ་དུས 2023-11-24
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ།
རྩོམ་པ་པོ།
ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་སི་ཁྲོན་ཁྲེན་ཏུའུ་རུ་བསྡུས་པའི་ཚོང་འགུག་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུའི་ཐོག་ཏུ་ནུས་རྒྱུ་གཙང་མ་དང་། མཁའ་སྐྱོད་ཚན་རྩལ། ཉི་གློག་དང་བྱེ་བཅོས་སོགས་རྣམ་གྲངས3གྱི་གན་རྒྱར་མིང་རྟགས་བཀོད་པ་དང་། སྔོན་དཔག་བྱས་ན་མ་འཇོག་དངུལ་གྲངས་ཁྱོན་བསྡོམས་སྒོར་དུང་ཕྱུར57.2ཟིན་ཞིང་། དེ་ནི་བསམ་གྲུབ་རྩེ་ཆུས་ཀྱི་ཚོང་འགུག་མ་འདྲེན་གྱི་ལོ་རྒྱུས་ཟིན་ཐོ་གསར་པ་ཡིན་པ་དང་། དེའི་ཁྲོད་དུ་མུའུ་ཁྲི་ལྷག་གི་ཉི་གློག་དང་བྱེ་བཅོས་ཀྱི་དཔེ་སྟོན་རྣམ་གྲངས་ནི་བསམ་གྲུབ་རྩེ་ཆུས་ཀྱིས་ཚོང་འགུག་མ་འདྲེན་བྱས་པའི་ལོ་རྒྱུས་ཐོག་ཏུ་སྤྱིའི་མ་འཇོག་ཆེས་མང་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་པ་རེད།