ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

2023ལོའི་མཐོ་སྒང་གི་སི་ནུའོ་ཁོ་འགྲན་བསྡུར་འགོ་འཛུགས་ཉེར་འདུག

སྤེལ་དུས 2023-12-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས18ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། 2023ལོའི་ལྷ་སའི“རྩེར་སོན་འགྲན་བསྡུར”ཏེ་མཐོ་སྒང་གི་སི་ནུའོ་ཁོ་རྒྱག་རྩལ་རྩེ་གྲའི་འགྲན་སློང་འགྲན་བསྡུར་ཡང་བསྐྱར་སྤེལ་འགོ་འཛུགས་རྒྱུ་རེད།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
            ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་དང2019ལོ་གཉིས་ལ་བདེ་བླག་ངང་མཐོ་སྒང་གི་སི་ནུའོ་ཁོ་རྒྱག་རྩལ་རྩེ་གྲའི་འགྲན་སློང་འགྲན་བསྡུར་སྐབས་གཉིས་སྤེལ་ཡོད།
            2023ལོའི་ལྷ་སའི“རྩེར་སོན་འགྲན་བསྡུར”གྱི་མཐོ་སྒང་གི་སི་ནུའོ་ཁོ་རྒྱག་རྩལ་རྩེ་གྲའི་འགྲན་སློང་འགྲན་བསྡུར་ལ་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་དང་འགྲན་སློང་འགྲན་བསྡུར་བཅས་ཁག་གཉིས་སུ་ཕྱེ་ཡོད་ཅིང་། གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་དེ་ཟླ12པའི་ཚེས18ཉིན་ནས21ཉིན་བར་ལྷ་ས་ཞིང་ཡ་ཧྲི་སྒྲོམ་སྟེགས་སྤོ་ལོའི་མཉམ་སྤྲོ་ཁང་དུ་སྤེལ་རྒྱུ་ཡིན་པ་དང་། ཟླ12པའི་ཚེས13ཉིན་བར་དུ། གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པ64གཏན་འཁེལ་བྱས་ཡོད། གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ནང་དུ་ལུགས་འབྱུང་གི་ཨང16ལ་དངུལ་སྨར་གྱི་བྱ་དགའ་སྤྲོད་རྒྱུ་དང་། ཐེངས་གཅིག་ལ་སྤོ་ལོ་འཛུལ་བའི་སྐར་གྲངས་མཐོ་ཤོས་ཀྱི་བྱ་དགའ(ཐེངས་གཅིག་ལ་སྤོ་ལོ་འཛུལ་བའི་སྐར་གྲངས100ལས་མི་དམའ་བ)1དང་ཐེངས་གཅིག་ལ་སྤོ་ལོ་འཛུལ་བའི་སྐར་གྲངས147གྱི་བྱ་དགའ1སྤྲོད་རྒྱུའི་བཀོད་སྒྲིག་བྱས་ཡོད་ལ། ཨང་དང་པོ་ནས་བརྒྱད་པ་བར་གྱི་བདམས་ཐོན་པ་འགྲན་སློང་འགྲན་བསྡུར་རིང་སི་ནུའོ་ཁོའི་ལུས་རྩལ་པ་གྲགས་ཅན་ཏིང་ཅུན་ཧུའེ་དང་ལུའོ་ཉི·ཨའོ་ཧྲ་ལི་ཝུན་དང་མཉམ་དུ་དྲན་རྟེན་པར་རྒྱག་ཆོག་པ་དང་། ཨང་དང་པོ་ནས་བཅུ་དྲུག་པའི་བདམས་ཐོན་པར2023ལོའི་ལྷ་སའི“རྩེར་སོན་འགྲན་བསྡུར”ཞེས་པའི་སི་ནུའོ་ཁོ་རྒྱག་རྩལ་རྩེ་གྲའི་འགྲན་སློང་འགྲན་བསྡུར་གྱི་སྤ་སེ་གཅིག་སྤྲོད་རྒྱུ་རེད། གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་གྱི་ཨང་དང་པོ་དང་གཉིས་པ་ཐད་ཀར་ཟླ12པའི་ཚེས31ཉིན་གྱི་འགྲན་སློང་འགྲན་བསྡུར་ནང་ཞུགས་ཏེ་རྒྱན་འཐེན་གྱི་རྣམ་པའི་ཐོག་ནས་ཏིང་ཅུན་ཧུའེ་དང་ཡང་ན་ལུའོ་ཉི·ཨའོ་ཧྲ་ལི་ཝུན་དང་འགྲན་བསྡུར་བྱ་རྒྱུ་རེད།
            དེ་དང་ཆབས་ཅིག 2024ལོའི་ཟླ་དང་པོའི་ཚེས1ཉིན། ཏིང་ཅུན་ཧུའེ་དང་ལུའོ་ཉི·ཨའོ་ཧྲ་ལི་ཝུན་གཉིས་ཀྱིས་ལྷ་ས་ནས་འགྲན་བསྡུར་བྱས་ནས་བོད་ལྗོངས་ཀྱི་སི་ནུའོ་ཁོར་དགའ་མོས་ཡོད་མཁན་ཚོར་ངོ་མཚར་ཆེ་བའི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་རྒྱུ་རེད།

རྩོམ་སྒྲིག་པ། རིག་གྲོལ།