ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གངས་ལྗོངས་ས་མཐོའི་གྲོང་ཚོ་ཆུང་ཆུང་ཇི་ལྟར་བྱས་ནས“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”དུ་གྱུར་པ།

སྤེལ་དུས 2023-12-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         གཞུང་ལམ་ཐོག་ཉི་ནུས་ལམ་སྒྲོན་དང་ཆུ་འབུད་མདོང་ལམ། གད་སྙིགས་རིགས་དབྱེ་སྒམ་སོགས་རྨང་གཞིའི་གྲོང་ཁྱེར་གྱི་སྒྲིག་བཀོད་གང་སར་མཐོང་རྒྱུ་ཡོད་པ་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་གྱང་གིས་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད། རིག་གནས་ཐང་ཆེན་ཐོག་གྲོང་མི་ཚོ་ལུས་སྦྱོང་ཡོ་བྱེད་བཞིན་ཡོད་པ་དང་འཚོ་བའི་སྐོར་གླེང་ནས་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཞང་ལྗང་གྲོང་ཚོ་ར་སྐྱོད་སྐབས་བདེ་སྡོད་ལས་བརྩོན་གྱི་གྲོང་གསེབ་ཀྱི་རྣམ་པ་ཞིག་མངོན། དེའང་“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”ལྗང་གྲོང་ཚོ་ས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
         གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་ལ་སྡོད་རྒྱུར་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དེ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་ལས་འགན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྗང་གྲོང་ཚོས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམངས་སེམས་འདུ་འགོད་ཅིག་ཏུ་བརྩིས་ནས་མ་འཇོག་བྱེད་ཤུགས་དང་སྐུལ་འདེད་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་སྤེལ་མགྱོགས་སུ་བཏང་ནས་བཅོས་སྒྲིག་ནས་སྤུས་ཚད་མཐོ་རུ་གཏོང་བའི་ཕྱོགས་སུ་ཧུར་ཐག་བསྐྱོད་ཡོད། 
         “དེ་སྔ་གྲོང་ཚོའི་ནང་ཕྱུགས་རིགས་ཀྱི་གཅིན་སྐྱག་མང་བ་དང་འབུ་སྦྲང་མང་བ། གད་སྙིགས་མང་བ་བཅས་ཡོད། ད་ཆ་གྲོང་ཚོའི་ནང་གི་གད་སྙིགས་བསྡུ་རུབ་བྱེད་ས་ཡོད་པས་གྲོང་ཚོའི་གཙང་སྦྲར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ལ་ང་ཚོས་ཀྱང་གྲོང་ཚོའི་ནང་གི་འཕྲོད་བསྟེན་ཁོར་ཡུག་ལ་སྔར་བས་གཅེས་སྤྲས་བྱེད་ཀྱི་ཡོད”ཅེས་ལྗང་གྲོང་ཚོ་འི་གྲོང་མི་ཆུང་བག་གྲོས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། 
         འཛུགས་སྐྲུན་ནི་རྨང་གཞི་ཡིན་ལ་དོ་དམ་སྲུང་སྐྱོང་བྱས་ཚེ་གཞི་ནས་ཕུགས་ཕན་འཁོར་སྐྱོད་འགན་ལེན་བྱེད་ཐུབ། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའི་བརྒྱུད་རིམ་ནང་ལྗང་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས“རྫོང་གིས་སྤྱི་འདོམས་མཛུབ་ཁྲིད་དང་ཞང་གིས་སྒྲིག་འཛུགས་དང་སྐུལ་འདེད།  ལྗང་གྲོང་ཚོས་ལག་བསྟར་དོ་དམ”བཅས་ཀྱི་རྣམ་པར་བརྟེན་ནས་ནུས་ཤུགས་ཡོད་རྒུས་མཛེས་སྡུག་ལྡན་པའི་ལྗང་གྲོང་ཚོ་བསྐྲུན་ཡོད།
         2019ལོའི་ཟླ་བརྒྱད་པར་ལྗང་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ་དང་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི4400ལྷག་ཙམ་བཏང་ཡོད། དེའི་ནང་རྫོང་རིམ་པས་མ་དངུལ་སྒོར་ཁྲི2300བཏང་ནས་གཙོ་བོ་ཆུ་འབུད་འཛུགས་སྐྲུན་དང་རིག་གནས་ཐང་ཆེན་འཛུགས་སྐྲུན། བཙོག་ཆུ་གཙང་སེལ་བཟོ་གྲྭ་འཛུགས་སྐྲུན་བཅས་ཀྱི་ཐད་སྤྱོད་རྒྱུ་དང་། མང་ཚོགས་ཀྱིས་རང་གྲབས་བྱས་པའི་མ་དངུལ་སྒོར་ཁྲི1300ལྷག་ཙམ་ཟིན་པ་དེ་གཙོ་བོ་རང་ཁྱིམ་གྱི་སྒོ་རའི་ནང་གི་ཐབ་ཚང་དང་སྒོ་ཁའི་རྒྱབ་མདུན་གྱི་སྔོ་འགྱུར། ས་ཞིང་ཁོད་སྙོམས་སོགས་ལ་སྤྱོད་ཀྱི་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་མ་དངུལ་སྒོར་ཁྲི700ལྷག་ཙམ་བཏང་བ་དང་འཛུགས་སྐྲུན་གྲོང་ཚོ་དང་ཁོངས་གཏོགས་ཀྱི་རྒྱལ་ལམ་ལམ་རྒྱུད་ཀྱི་སྔོ་འགྱུར་དང་གྲོང་ཚོའི་རླངས་འཁོར་འཇོག་ས། འགྲོ་ལམ་ཨར་འདམ་སོགས་བྱས་ཡོད། 
         ལྗང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀྲང་ཝུན་ཝུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་འབྲོག་མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱ་ཆེད། ལྗང་གྲོང་ཚོས་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ60%བཏང་བ་དང་གྲོང་ཚོ་མཉམ་སྡེབ་ཀྱིས20%བཏང་བ། མང་ཚོགས་ཀྱིས་རང་གྲོན20%བཏང་བ། མང་ཚོགས་ཀྱིས་ངལ་རྩོལ་ལ་ཞུགས་རྒྱུར་ལྕག་སྐུལ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོའི“མཛེས་སྡུག་ལྡན་པའི་གྲོང་གསེབ•བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུ་དང་དཔྱད་གཞིར་འཛིན་ཆོག་པའི་ལས་ཀའི་ཉམས་མྱོང་འཚོལ་ཞིབ་བྱས་ཡོད། 
         “རྣམ་གྲངས་ལག་བསྟར་བྱས་པ་དེས་གྲོང་གསེབ་ཀྱི་སྤྱིའི་ཁོར་ཡུག་དང་རིག་གནས་སྒྲིག་བཀོད། དེ་བཞིན་བཅོས་སྐྱོང་ནུས་པ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ལྷག་པར་དུ་མང་ཚོགས་ཀྱི་འཚོ་བ་དང་བསམ་བློའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཀྲང་ཝུན་ཝུའུ་ཡིས་རྣམ་གྲངས་འཛུགས་སྐྲུན་བྱས་ཚུན་གྲོང་ཚོ་གཙང་ལ་གྲལ་འགྲིག་པ་དང་མང་ཚོགས་ཀྱིས་གད་སྙིགས་རིགས་དབྱེ་སོགས་ཀྱི་ཞིབ་ཕྲའི་ཐད་ལའང་མཐོང་ཆེན་བྱེད་ཀྱི་ཡོད། 
         “ད་ཆ་གྲོང་ཚོ་དེ་བས་མཛེས་སུ་ཕྱིན་ནས་གད་སྙིགས་གང་བྱུང་དུ་དབྱུགས་པའི་སྣང་ཚུལ་མཐོང་རྒྱུ་མེད། ཚང་མས་རང་འགུལ་ངང་གད་སྙིགས་རིགས་དབྱེ་རྗེས་རིགས་དབྱེ་ནས་གད་སྙིགས་བླུགས་སྒམ་ནང་བླུགས་ཏེ་གཙང་སྦྲ་དོད་པའི་གྲོང་ཚོའི་རྣམ་པ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཀྱི་ཡོད”ཅེས་ལྗང་གྲོང་ཚོའི་གྲོང་མི་ལྷག་ཆུང་གིས་བཤད། 
         ད་ཆ་ལྗང་གྲོང་ཚོའི་མང་ཚོགས་ཚོའི་སེམས་ནང་གྲོང་ཚོའི་གཙང་སྦྲའི་ལས་འགན་དེ་རྒྱུན་རྣམ་ཅན་གྱི་ལས་དོན་ཞིག་ཏུ་གྱུར་ཡོད། འདིས་གྲོང་སྡེའི་རྣམ་པ་ལེགས་སུ་བཏང་བ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོང་སྣང་ཀྱང་ཆེ་རུ་ཕྱིན་ཡོད། ལྗང་གྲོང་ཚོར་སྐྱོད་སྐབས་མི་སེམས་ལ་སྤྲོ་སྣང་འཕེལ་ཐུབ་པ་ནི་མཛེས་སྡུག་ལྡན་པའི་གྲོང་ཚོའི་རྣམ་པ་ཁོ་ན་མ་ཡིན་པར་གྲོང་གསེབ་ཀྱི་ཤེས་དཔལ་གྱི་རྣམ་པ་ཞིག་ཀྱང་ཡོད། 
         ཉེ་བའི་ལོ་ཤས་རིང་། ལྗང་གྲོང་ཚོས“གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་ཡ་རབས་ཀྱི་ཡུལ་སྲོལ་བཟང་པོ་གཏོད་རྒྱུ”དེ་འཛུགས་སྐྲུན་ནང་བཅུག་ནས་རྨང་གཞིའི་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྒྲིག སྤྱི་པའི་ཞབས་ཞུ། ཡུལ་སྲོལ་ཡ་རབས། ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་བ་དང་སྲོལ་གསར་གཏོད་པ། ལུགས་རྙིང་སྲོལ་ངན་མེད་པ་བཟོ་བ། མང་ཚོགས་ཀྱི་དགེ་མཚན་ལྡན་ལ་སྐྱོན་བྲལ་དང་ཡ་རབས་ཡར་བརྩོན་གྱི་འཚོ་བའི་སྤྲོ་སྣང་འཕེལ་བ་བཅས་བྱས་པས་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་གྲོང་སྲོལ་དམངས་སྲོལ་བབ་ཆགས་དང་གྲོང་སྲོལ་དང་གྲོང་ཚོའི་རྣམ་པ་གསར་རྐྱང་གི་རྣམ་པ་ཆགས་ཡོད། 
         གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པར་ཡུལ་སྲོལ་ཡ་རབས་ཡོང་བ་བྱ་རྒྱུ་ནི་འགན་ལེན་ཡིན་པ་དང་ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་རྒྱུ་ནི་འགག་རྩ་ཡིན། མིག་སྔའི་ལྗང་གྲོང་ཚོར་གྲོང་མི་ཚོས་རང་འགུལ་ངང་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པ་དང་མི་དང་མིའི་དབར་འཆམ་མཐུན་མཉམ་གནས་བྱེད་ཀྱི་ཡོད། གྲོང་ཚོ་དེ་གོམས་སྲོལ་བསྒྱུར་ནས་དེ་བས་ཞི་མཐུན་དང་མཛེས་སྡུག་ལྡན་པར་འགྱུར་བཞིན་ཡོད།