ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་སའི་སློབ་ཐོན་སློབ་མའི་ལས་ཞུགས་ཚད95%ཡན་རྒྱུན་འཁྱོངས་ཐུབ་པ།

སྤེལ་དུས 2024-01-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས29ཉིན། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་གཞོན་པ་ཧོ་ནེང་ཧྲེང་གིས“ལྷ་ས་གྲོང་ཁྱེར་གྱི2023ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ”གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཏང་ཨུད་གཅིག་གྱུར་འཆར་འགོད་དང་། སྲིད་གཞུང་གི་གཙོ་ཁྲིད། རྫོང་དང་ཆུས་ཀྱི་མཉམ་འཛིན། སྡེ་ཚན་གྱི་མཉམ་ལས། ལས་བྱེད་པའི་རོགས་སྐྱོར་བཅས་ཀྱི་གཞི་གཅིག་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ནས་བརྒྱུད་རིམ་རང་བཞིན་དང་འབྲེལ་ཐག་ཧྲིལ་པོར་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བརྟན་པོར་གཏོང་བའི་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་འཐུས་ཚང་དུ་བཏང་ནས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་། ལས་ཞུགས་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་བྱུང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་བརྟན་པོ་ཡོང་བར་ལེགས་སྐྱེས་ཕུལ་ཡོད། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚད་ཐོག་མཐའ་བར་གསུམ་དུ95%ཡན་རྒྱུན་འཁྱོངས་ཐུབ་ཡོད།

བོད་ལྗོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ལྔ་པ།
             ཧོ་ནེང་ཧྲེང་གིས་ངོ་སྤྲོད་བྱས་དོན། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་འགོ་ཁྲིད་ཨང་དང་པོའི་འདུ་འགོད་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་སྣེ་ཁྲིད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་རིམ་པ་བཞིན་བཙུགས་ནས་རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་བློ་འདྲི་དང་ལྟ་སྐུལ་སྒྲུབ་གཉེར་བྱས་ཡོད། ལས་གནས་ཐག་གཅོད་ཀྱི་ལས་ཞུགས་དང་། དྲིལ་བསྒྲགས་ཁྲིད་སྟོན། ལྗོངས་ཕྱིའི་ལས་ཞུགས་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་འགན་འཁྲིའི་གསལ་ཐོ8བཟོས་པ་དང་། བོད་ལྗོངས་ཀྱིས་སྔོན་ལ་ལས་གནས་གསར་སྤེལ་གྱི་ལས་འགན་དེ་ལས་གནས་བརྒྱུད་ལས་ཞུགས་མི་གྲངས་ཐག་གཅོད་བྱེད་པའི་དམིགས་ཚད་ལ་ལེགས་སྒྲིག་བྱས་ནས“མཉེན་པའི་ལས་འགན”དེ“མཁྲེགས་པོའི་དམིགས་ཚད”ལ་བསྒྱུར་ཡོད།
             ལྷ་ས་གྲོང་ཁྱེར་གྱིས《གྲོང་ཁྱེར་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་འགའ་ཞིག》བཟོས་ནས་བཏོན་པ་དང་། ལྗོངས་ཕྱི་ནང་གི་ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་གྱི་བྱ་དགའ་དང་། ལས་ཞུགས་བརྟན་པོའི་བྱ་དགའ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་སྣེ་ཁྲིད་ཀྱི་བྱ་དགའ་སོགས་བྱ་དགའ་དང་ཁ་གསབ་སྲིད་ཇུས་ཁག་བདུན་ཁ་གསབ་བྱས་ཏེ། 《ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་རེ་ཞུ་དོ་དམ་བྱ་ཐབས》སོགས་ཀྱི་ཡིག་ཆ་པར་འགྲེམས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་སྤྲོད་སྟངས་ཚད་ལྡན་བཟོས་ཡོད། 2023ལོར་མཐོ་སློབ་ཁག་གི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མི་ཐེངས་ཁྲི1.4སྒོར་དུང་ཕྱུར2.8སྤྲད་པ་རེད།
             ལྷ་ས་གྲོང་ཁྱེར་གྱིས་རྒྱུན་རྣམ་ཞབས་ཞུ་དང་ཆེད་དོན་བྱ་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གནད་སྨིན་ངང་རྩལ་ནུས་གསོ་སྦྱོང་དང་ལས་གནས་སྦྲེལ་མཐུད་བྱས་པས་ལས་ཞུགས་ཞབས་ཞུའི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་གཉེར་བའི་སྐལ་བཟང་མེ་ཏོག་འཚར་ལོངས་སློབ་གླིང་འཛུགས་པའི་ཚོགས་ཆེན་འཚོགས་པ།
             ལྷ་ས་གྲོང་ཁྱེར་གྱིས་སྲིད་ཇུས་རྒྱབ་སྐྱོར་དང་། ལས་སྟེགས་འདེགས་སྐྱོར། ཞབས་ཞུའི་འགན་ལེན་བཅས“ཕྱོགས་གསུམ་གཞི་གཅིག”གི་ལས་གཏོད་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་ཚང་དུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གླེང་སྟེགས་དང་། ལས་གཏོད་དཔེ་བཟང་བ་བཅུའི་དཔྱད་འདེམས། ལྗོངས་ཕྱིའི་གསར་གཏོད་ལས་གཏོད་སྤེལ་རེས་སོགས་ལས་གཏོད་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། 2023ལོར་ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཏེ། ལས་གཏོད་སློབ་ཆེན་སློབ་མ5ལ་ལས་གཏོད་བྱ་དགའ་སྒོར་ཁྲི5སྤྲད་པ་དང་། མི60ཡི་ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་སློབ་དཔོན་གྱི་མཛོད་བཙུགས་པ། ལས་གཏོད་སློབ་དཔོན་དང་ཐོག་མའི་གསར་གཏོད་ཁེ་ལས་དབར་ལས་གཏོད་རོགས་སྐྱོར་གྱི་གྲོས་མཐུན་བཞག་ཡོད། ད་ལོ་ནས་བཟུང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁ་གསབ་སྒོར་ཁྲི6000ལྷག་ཙམ་སྤྲད་དེ་མཐོ་སློབ་སློབ་ཐོན་སློབ་མ4ལ་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི92གཡར་ནས། ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ839ལ་ལས་གཏོད་བྱེད་རོགས་བྱས་ཡོད།
             ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་བོད་ལྗོངས་ཀྱི་ལྗོངས་ཕྱིར་ལས་ཞུགས་བྱ་རྒྱུ་དེ་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་གལ་ཆེན་དང་གཞི་རྟེན་ནུས་ལྡན་ཞིག་ཏུ་བརྩིས་ནས་ཐབས་ལམ་རྒྱ་ཆེར་དང་རྣམ་པ་ཕུན་སུམ་ཚོགས་སུ་ཧུར་ཐག་བཏང་སྟེ2023ལོར་བོད་ལྗོངས་ཀྱི་ལྗོངས་ཕྱིའི་ལས་ཞུགས་མི་འབོར་ལྗོངས་ཡོངས་ཀྱི་མང་ཤོས་དང་བོད་ལྗོངས་ཀྱི་ལྗོངས་གཞན“ཚོགས་སྒྲིག་རྣམ་པའི”ལས་ཞུགས་གཞི་ཁྱོན་མདུན་གྲལ་དུ་སླེབས་ཡོད།
             དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་ཁུར་ནས་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་གཉེར་བའི་གདན་ཞུའི་བྱེད་སྒོ་ཁག་དང་རྒྱུན་གཏན་གྱི་ལས་རིགས་ངོ་སྤྲོད་ནང་ཞབས་འདེགས་ཞུ་ཡུལ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་གཞན་དག་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མས་ཞབས་ཞུའི་མཐོ་སློབ་སློབ་ཐོན་སློབ་མའི་བསྡོམས་འབོར་གྱི65%ཙམ་བཟུང་བ་དང་། ལས་ཞུགས་སྒྲོག་འགྲེལ་དང་ལས་རིགས་མཛུབ་ཁྲིད་སློབ་གྲྭར་སྤེལ་བའི་བྱེད་སྒོའི་ཁྲོད་གྲོང་ཁྱེར་དང་ས་ཁུལ་གཞན་དག་གིས80%ཙམ་བཟུང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དངུལ་གྲངས་བསྡོམས་འབོར་ནང་གྲོང་ཁྱེར་དང་ས་ཁུལ་གཞན་དག་གིས54%བཟུང་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།