ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་སའི་ཞིང་འབྲོག་མང་ཚོཊ་ཀྱི་ལུས་རྩལ་འགྲན་ཚོཊ་སྐབས་དང་པོ་འགོ་ཚུཊ།

སྤེལ་དུས 2024-06-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས22ཉིན་གྱི་སྔ་དྲོར། ལྷ་སའི་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་ལྷ་སའི་ལོ་རྒྱུས་ཐོག་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཡིན་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་མཐུན་སྒྲིལ་དང་། འཆམ་མཐུན། ཕུན་སུམ་ཚོགས་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཀྱང་རེད།

འགོ་ཚུགས་མཛད་སྒོའི་ཡུལ་དངོས།
            སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུད་དང་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད(གྲོང་གསེབ་དར་རྒྱས་ཅུད)ཀྱིས་ཐུན་མོང་ཐོག་སྒྲུབ་འགན་འཁུར་ཞིང་། “ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ”བཅས་འདུ་ཤེས་སུ་བྱས་ལ། “སེམས་མཐུན་ཕུགས་འདུན་འགྲུབ། མཉམ་དུ་འབྱུང་འགྱུར་ལ་ཕྱོགས”བརྗོད་དོན་གཙོ་བོར་བྱས་པ་དང་། གྲོན་ཆུང་དང་ངོ་མཚར་ཆེ་བའི་འགྲན་བསྡུར་གཉེར་བའི་བླང་བྱ་མཐའ་འཁྱོངས་བྱས་ནས།  ཟླ6པའི་ཚེས22ནས་ཚེས26ཉིན་བར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འཚོག་རྒྱུ་རེད། ལུས་རྩལ་འགྲན་ཚོགས་ལ་ཁྱོན་རྩལ་འགྲན་རྣམ་གྲངས་དང་།  མི་རིགས་སྲོལ་རྒྱུན་བཅས་རྩལ་འགྲན་སྣ་གཉིས་དང་འགྲན་བསྡུར་རྣམ་གྲངས19ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས11དང་བྱེད་ནུས་གླིང་ཁུལ་ནས་ཡོང་བའི་ཞིང་འབྲོག་ལུས་རྩལ་པ500ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད།

ལུས་རྩལ་པ་ཚོགས་རར་འཛུལ་བཞིན་པ།

འགོ་ཚུགས་མཛད་སྒོར་ལྟ་མཁན་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི།
            ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད་པ་དང་། ལྷ་ལྡན་གྲོང་དུ་འཛོམས་པ་དང་། ཚོན་མདོག་སྣ་ལྔའི་ཕུགས་འདུན། ཞི་མཐུན་གྱི་རི་ཆུའི་བརྩེ་བ། ཞིང་འབྲོག་པའི་སྤྲོ་སྣང་ལྡན་པའི་གླུ་དབྱངས། བདེ་སྐྱིད་ལྡན་པའི་ལྷ་ས་བཅས་ལེའུ་ལྔ་ཡི་གླུ་གར་འཁྲབ་སྟོན་བྱས་ནས།  ལྷ་སའི་ཞིང་འབྲོག་ཁུལ་གྱི་གྲོང་ཚོའི་རྣམ་པ་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་དང་།  དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གོང་འཕེལ་འགྲོ་བའི་མཛེས་སྡུག་ལྡན་པའི་རྣམ་པ་ཀུན་ལ་མངོན་པར་བྱས་པ་རེད། གཞན་ཡང་། ལུས་རྩལ་འགྲན་ཚོགས་རིང་ད་དུང་མཚན་མོའི་གློག་འོད་ངོམ་སྟོན་དང་། རླངས་འཁོར་འགྲེམས་སྟོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན།  ཞིམ་མངར་ཟས་མཆོག་ལ་རོལ་བ་སོགས་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུ་རེད།

འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན།

འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན།
རྩོམ་སྒྲིག་པ། རིག་གྲོལ།