ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གཞིས་རྩེར་མགོ་སྐོར་གཏོང་སྟངས་གསར་པ་ཞིག་ཐོན་འདུག

སྤེལ་དུས 2024-06-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་དུས་རྒྱུན་གྱི་ལས་དོན་སྤེལ་རིང་ཁོངས་གཏོགས་ཁུལ་གྱི་ལམ་ཁག་ཁྲོམ་གཞུང་གི་གློག་སྡོང་དང་གྱང་སོགས་སུ་ཆགས་སྲེད་དང་འབྲེལ་བ་ཡོད་པའི་བརྡ་ཁྱབ་ཀྱི་རྩ་གཉིས་ཨང་རྟགས་སྦྱར་ཡོད་པ་མཐོང། ད་དུང་དེའི་ཐོག་ཐ་ཤལ་གྱི་འདྲ་པར་དང་རྩ་གཉིས་ཨང་རྟགས་བཀོད་ཡོད། ཕར་བལྟས་ན་ཆགས་སྲེད་དང་འབྲེལ་བ་ཡོད་པ་འདྲ་ཡང་དོན་དངོས་སུ་དེ་ནི་མགོ་སྐོར་གཏོང་སྟངས་གསར་པ་ཞིག་རེད།
            ཉེས་གསོག་གྱོད་གཞི་དེ་རིགས་ཐོན་རྒྱུ་སྔོན་འགོག་དང་རྡུང་རྡེག་གཏོང་ཆེད། ལྷ་རྩེ་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པའི་སྟོབས་ཤུགས་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་དུ་བརྟག་དཔྱད་བྱས་པ་རེད།
            ཟླ3པའི་ཚེས25ཉིན། མི་དམངས་ཉེན་རྟོག་པས་མགྲོན་ཁང་ག་གེ་མོ་ཞིག་གི་ནང་དུ་ཉེས་གསོག་དོགས་ཡོད་ཉེས་ཅན་ཕུང་ཆེ་གེ་མོ་དང་། ཧུའུ་ཆེ་གེ་མོ། ཏོན་ཆེ་གེ་མོ་བཅས་བཟུང་བ་དང་འབྲེལ་ཉེས་གསོག་དོགས་ཡོད་ཉེས་ཅན་གྱི་རླངས་འཁོར་ནང་ནས་ཆགས་སྲེད་དང་འབྲེལ་བ་ཡོད་པའི་བརྡ་ཁྱབ་བྱང་བུ600ལྷག་དང་ཉེས་གསོག་ལག་ཆ་འགའ་ཞིག་རྩད་ཆོད་པ་རེད།
            ཞིབ་བཤེར་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གསུམ་གྱིས་ཁྲིམས་འགལ་གྱི་ཁེ་ཕན་ཐོབ་ཆེད་སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར་ནས་རླངས་འཁོར་བཏང་ནས་བོད་ལྗོངས་ཀྱི་མངའ་ཁོངས་སུ་བསྐྱོད་པ་དང་འབྲེལ་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་ཁྲོམ་གཞུང་དུ་ཆགས་སྲེད་དང་འབྲེལ་བ་ཡོད་པའི་བརྡ་ཁྱབ་ཆུང་ཆུང་གི་རྩ་གཉིས་ཨང་གྲངས་སྦྱར་བ་དང་འགྲེམས་སྤེལ་བྱས་པ་མ་ཟད། ཆགས་སྤྱོད་ཞབས་ཞུ་མཁོ་འདོན་བྱེད་པ་རྒྱུ་མཚན་དུ་བྱས་ནས་ཞབས་ཞུའི་གྲོན་དངུལ་དང་ཁག་ཐེག་དངུལ་ཁ་བསླུས་རྒྱག་གི་ཡོད།
 
རྩོམ་སྒྲིག་པ། རིག་གྲོལ།