ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀྲན་ཞུན་གྱིས“ལམ་གཉིས”ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དགོས་ཞེས་བཤད།

སྤེལ་དུས 2024-07-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲན་ཞུན། འབུམ་རམས་པ། དགེ་རྒན་ཆེན་མོ་བ། གློག་རྡུལ་ཚན་རྩལ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གསར་འགྱུར་ཁྱབ་སྤེལ་ཚན་ཁག་གི་ཀྲུའུ་རེན། རྒྱལ་ཁབ་དང་ཞིང་ཆེན་གྱི་པུའུ་རིམ་པའི་ཇུས་འདོན་ཚོགས་པ་དང་ཆེད་མཁས་པ་མཛོད་མང་པོའི་བློ་འདྲིའི་ཆེད་མཁས་པ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་འཕྲིན་གཏོང་ཞིབ་དཔྱད་ཆེད་མཁས་པ། ཚན་རྩལ་པུའི་རྣམ་གྲངས་ཞིབ་དཔྱད་ཆེད་མཁས་པ།“འབྲི་ཆུའི་མཁས་དབང”འཕྲིན་གཏོང་ཞིབ་དཔྱད་ཆེད་མཁས་པ། རྒྱལ་ཁབ་ཕྱི་སྦྱོང་ཐེབས་རྩ་ཨུ་ལྷན་དང་སློབ་གསོ་པུའི་སློབ་གནས་གཞུང་ལས་ཁང་སོགས་ཀྱི་ཞིབ་དཔྱད་ཆེད་མཁས་པ་སོགས་ཀྱི་འགན་འཁུར་གྱི་ཡོད། རྒྱལ་ནང་གིCSSCIཡོང་ཁུངས་དུས་དེབ་ཐོག་དཔྱད་རྩོམ་ཉི་ཤུ་ཙམ་སྤེལ་བ་དང་། རྒྱལ་སྤྱིའི་ཚོགས་འདུའི་ཐོག་དབྱིན་ཡིག་གི་དཔྱད་རྩོམ་སུམ་ཅུ(ཚང་མISTPདངISSHPགཉིས་ཀྱིས་འཚོལ་བཤེར་ཐུབ་པ)ལྷག་ཙམ་སྤེལ་བ། རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞི2དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི18གཙོ་སྐྱོང་དང་ལེགས་གྲུབ་བྱས་ཡོད།

དགེ་རྒན་ཆེན་མོ་བ་ཀྲན་ཞུན།
       གསར་འགོད་པ། “ལམ་གཉིས”ཀྱི་དཔྱད་གཞི་བོད་འབྲེལ་ཁུལ་རྫོང་གི་གཞི་རིམ་དུ་རྒྱ་ཁྱབ་ངང་ཁྱབ་སྤེལ་གཏིང་ཟབ་བྱས་ཡོད་པས་རིན་ཐང་ཕུན་སུམ་ཚོགས་པོ་ལྡན། “ལམ་གཉིས”ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་དང་རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་ལ་གཞི་ཚུགས་ནས་བརྗོད་ཚེ་བོད་འབྲེལ་མཉམ་འདྲེས་སྨྱན་སྦྱོར་དང་དམངས་ཁྲོད་ཀྱི་མི་སྒེར་སྨྱན་སྦྱོར་ལ་རང་བྱུང་གི་ལེགས་ཆ་གང་དག་ལྡན་ཡོད།
       ཀྲན་ཞུན། “ལམ་གཉིས”ནི་རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་དང་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་བརྗོད་བྱ་ཧ་ཅང་ཡག་པོ་ཞིག་ཡིན། མཚོ་བོད་མཐོ་སྒང་གི་བགྲོད་ལམ་དེ་དག་སྣུར་བསྲིང་བྱས་ཚེ། ཏང་གི་འགོ་ཁྲིད་འོག་ཀྲུང་གོ་གསར་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། ལྷོ་ནུབ་མཐའ་མཚམས་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་པ་དེ་མེས་རྒྱལ་གྱི་ཞིང་ཆེན་གཞན་དག་དང་བོད་ལྗོངས་འབྲེལ་མཐུད་བྱེད་པའི་དངོས་ཡོད་ཀྱི་བགྲོད་ལམ་ཞིག་ཏུ་གྱུར་པ་མ་ཟད། ད་དུང་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཟམ་པའི་རིག་གནས་རྒྱུན་འཛིན་བྱས་ཡོད་ལ། ལམ་རྒྱུད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་དང་བརྩེ་དུང་འབྲེལ་མཐུད་བྱེད་པའི་སྦྲེལ་ཐག་ཅིག་ཏུའང་གྱུར་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཁྲོད་ཀྱི་དངོས་ཡོད་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན།
       བོད་འབྲེལ་ཁུལ་རྫོང་གི་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་མང་པོ་ཞིག་རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་གྱི་བརྗོད་བྱ་ཡག་པོ་ཞིག་ཏུ་རང་བཞིན་ངང་གྱུར་ཞིང་། བོད་འབྲེལ་ཁུལ་རྫོང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་ལེགས་ཆ་ཆེ་ཤོས་ནི“ས་ཁོངས་དང་བརྩེ་བར”གནས་ཡོད། སྲིད་གཞུང་དང་། སྨྱན་སྦྱོར། མང་ཚོགས་བཅས་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ས་གནས་དེ་གའི་སྲིད་དོན་ཆ་འཕྲིན་བརྒྱུད་སྤྲོད་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། གྲོང་གསེབ་དར་རྒྱས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཕྱོགས་མང་པོའི་ཐད་དང་། དེ་བཞིན་ཁྱབ་སྤེལ་ཐབས་ལམ་ཆེད་ལས་ཅན་སོགས་ཀྱི་ཐད་ལེགས་ཆ་དེ་བས་ཆེ་བ་ལྡན་ཡོད། དམངས་ཁྲོད་མི་སྒེར་སྨྱན་སྦྱོར་གྱི་བཀག་རྒྱ་ཉུང་ལ། རང་བདག་རང་བཞིན་དང་སྟབས་བསྟུན་རང་བཞིན་སོགས་ཀྱི་ཁྱད་ཆོས་ལས་དེ་དག་ཁ་ཐོར་དུ་གནས་ཀྱང་རྩིས་ཐོ་མང་བ་དང་། བརྗོད་བྱ་ཕུན་སུམ་ཚོགས་པ། དུས་བཀག་མཉམ་འགུལ་བྱེད་པ། མ་གནས་དམའ་བ་སོགས་ཀྱི་ལེགས་ཆ་ལྡན་ཡོད་པ་མ་ཟད། དེ་དག་ལ་ཁ་སྐད་ཅན་དང་། ཡུལ་སྐད་ཅན། ཆེད་ལས་མིན་པ་བཅས་ཀྱི་ཁྱབ་སྤེལ་གྱི་ཁྱད་ཆོས་ལྡན་པས་མང་ཚོགས་ལ་དེ་བས་དལ་ལྷོད་ཀྱི་སྣང་བ་ཞིག་སྦྱིན་གྱི་ཡོད། ལྷག་པར་དུ་འཁྱུག་དབྱིངས་སོགས་བརྙན་ཐུང་རིགས་ཀྱི་ལས་སྟེགས་ལ་བོད་འབྲེལ་ཁུལ་རྫོང་གི་སྤྱོད་མཁན་ཞུགས་ཚད་སྨྱན་སྦྱོར་གསར་པའི་ལས་སྟེགས་ཚང་མའི་ཁྲོད་ཨང་དང་པོར་སླེབས་ཡོད་ཅེས་ལན་བཏབ།
       གསར་འགོད་པ། “ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་གཏམ་རྒྱུད་ཡག་པོ་བཤད་ནས་བོད་འབྲེལ་ཁུལ་རྫོང་གི་དྲང་ནུས་ཁྱབ་སྤེལ་གྱི་བྱེད་པོ་ལྡན་པའི་རྒྱལ་སྤྱིའི་ཁྱབ་སྤེལ་དང་རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་གྱི་ཕན་འབྲས་ཇི་ལྟར་ཆེ་རུ་གཏོང་དགོས།
       ཀྲན་ཞུན། “ལམ་གཉིས”ཀྱི་སྙིང་སྟོབས་བརྗོད་དོན་གཙོ་བོར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་པར། ལམ་རྒྱུད་ཀྱི་མི་རིགས་ས་ཁུལ་ཚང་མ་རྒྱལ་སྤྱིའི་ཁྱབ་སྤེལ་དང་རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་གྱི་ལག་ལེན་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས། གཅིག་ནས། མི་རིགས་ས་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་དང་དམངས་ཁྲོད་ཀྱི་མི་སྒེར་སྨྱན་སྦྱོར་གཉིས་ཐུན་མོང་ཐོག་ཁྱབ་སྤེལ་བྱེད་པོར་འགྱུར་བར་སྐུལ་མ་གཏོང་དགོས་ཤིང་། ཞིང་ཆེན་རིམ་པའི་གཙོ་རྒྱུན་སྨྱན་སྦྱོར་ཞུགས་དགོས་པ་ཕུད། ད་དུང་བོད་ལྗོངས་དང་བོད་འབྲེལ་ཁུལ་རྫོང་གི་མི་རིགས་ས་ཁུལ་གྱི་མཉམ་འདྲེས་སྨྱན་སྦྱོར་རྒྱལ་སྤྱིའི་ཁྱབ་སྤེལ་དང་རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་གྱི་ལག་ལེན་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས། དུས་མཚམས་དབྱེ་ནས་ལག་བསྟར་དང་བཀོད་སྒྲིག་གང་མགྱོགས་བྱས་ཏེ་ལས་སྟེགས་དང་རྩིས་ཐོ་མང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ཕྱོགས་ཚད་སྟར་སྒྲིག་ཅིག་གྲུབ་པར་བྱེད་དགོས། གཉིས་ནས། དམངས་ཁྲོད་ཀྱི་དོན་བརྗོད་མཐོང་རྒྱ་མང་ཙམ་སྤྱད་ནས་གྲོས་གཞིའི་ཐོག་དེང་རབས་འཕེལ་རྒྱས་མངོན་པར་བྱེད་དགོས་ཤིང་། གཏམ་རྒྱུད་བཤད་པའི་ཟུར་ཚད་ཕུན་སུམ་ཚོགས་སུ་བཏང་ནས་ཁྱབ་སྤེལ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། དོན་བརྗོད་ཀྱི་མཐོང་རྒྱར་དམངས་སྲོལ་རིག་གནས་ནས་དེང་རབས་ཀྱི་འཚོ་བ་བར་དང་། རང་བྱུང་ཡུལ་ལྗོངས་ནས་རིག་སྐྲུན་གནས་ལྗོངས་བར་རྒྱ་སྐྱེད་གཏོང་དགོས། དོན་བརྗོད་ཐད་ལམ་རྒྱུད་མི་རིགས་ས་ཁུལ་གྱི་དེང་རབས་ཅན་གྱི་འཕེལ་རྒྱས་བརྒྱུད་རིམ་དངོས་སུ་མཚོན་རྒྱུར་དམིགས་དགོས་པ་མ་ཟད། དོན་བརྗོད་ཀྱི་སྐད་ཆ་ཡང་རྒྱལ་སྤྱི་ཅན་གྱི་སྐད་ཆ་སྤྱོད་པ་དང་། དོན་བརྗོད་ཀྱི་མཐོང་རྒྱར་དམངས་ཁྲོད་ཀྱི་མཐོང་རྒྱ་སྤྱོད་མཁས་པོ་བྱས་ཏེ་བྱེད་པོའི་གཏམ་བཤད་བྱེད་པ། དོན་བརྗོད་གྲུབ་ཆར་ཚན་པའི་དོན་བརྗོད་དང་ཟུང་དུ་འབྲེལ་བ་བཅས་བྱེད་དགོས་པ་དང་ཆབས་ཅིག་ཁྱབ་སྤེལ་ཕན་འབྲས་ཅུང་ལེགས་པའི“གཞན་གྱི་དོན་བརྗོད”ལ་བརྟེན་པ་དང“ཕྱི་རྒྱལ་གྱི་དྲ་ཐོག་མིང་ཅན”ཡག་པོ་སྤྱད་དེ་ཀྲུང་གོའི་གཏམ་རྒྱུད་ཀྱི་ལེགས་ཆ་ཡག་པོ་བརྗོད་དགོས། གསུམ་ནས། རིམ་པ་དང་ཚོགས་པ་དབྱེ་ནས་ཁྱབ་སྤེལ་བཏང་ནས་སྤྱོད་མཁན་ཚོར་ལག་རྩལ་གྱི་ཕན་ཐོགས་པར་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པར་ལས་སྟེགས་མི་འདྲ་བའི་ཁྱད་ཆོས་དང་། ལྷག་པར་དུ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་གང་ལེགས་སྤྱད་དེ། གནད་སྨིན་ཁྱབ་སྤེལ་དང་མང་ཚོགས་དབྱེ་ནས་ཁྱབ་སྤེལ་བྱེད་པའི་ཕན་འབྲས་ཐོན་པར་བྱེད་དགོས་པ་དང་། ལྷག་པར་དུ་གཞོན་ནུ་སྤྱོད་མཁན་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས། བཞི་ནས། ལམ་རྒྱུད་མི་རིགས་ས་ཁུལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་དེར་མཐོང་ཆེན་བྱེད་དགོས་ཞེས་ལན་བཏབ།
       གསར་འགོད་པ། ཁྱབ་སྤེལ་ཤེས་ལྡན་མི་སྣ་ནི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པའི་ཆུ་ཚད་མཐོ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་ཞིང་། བོད་འབྲེལ་ཁུལ་རྫོང་གིས་དོན་དངོས་ལ་གཞི་ཚུགས་ནས། སྤུས་ཚད་མཐོ་བའི“ལམ་གཉིས”གཏམ་རྒྱུད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་དཔུང་ཁག་ཅིག་ཇི་ལྟར་འཛུགས་དགོས།
       ཀྲན་ཞུན། ངས་ལོ་མང་རིང་བོད་འབྲེལ་ཁུལ་རྫོང་ལ་ཞིང་ཐང་བརྟག་དཔྱད་བྱས་པའི་གནས་ཚུལ་ལ་བལྟས་ན། རྒྱལ་སྤྱིའི་ཁྱབ་སྤེལ་ཤེས་ལྡན་མི་སྣ་ཅུང་དཀོན་ལ། ཤེས་ལྡན་མི་སྣ་ནི་རྒྱལ་སྤྱིའི་ཁྱབ་སྤེལ་ཡག་པོ་བྱེད་པའི་འགག་རྩ་ཞིག་ཡིན་ཞིང་། དང་ཐོག་རྐང་འཛིན་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་དཔུང་ཁག་ནི་འདུ་ཤེས་འཛིན་སྟངས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་དོན་འཁྱོལ་བྱེད་དགོས་པ་དང་། ལྷག་པར་དུ་བོད་འབྲེལ་ཁུལ་རྫོང་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ལས་དོན་དེ་དོན་འཁྱོལ་བྱེད་དགོས། གཉིས་ནས་གཙོ་གཉེར་སྡེ་ཚན་གྱིས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དེ་བསྟུན་གྱི་ལྕག་སྐུལ་ལམ་སྲོལ་དང་དཔྱད་བསྡུར་ལམ་སྲོལ་འཛུགས་དགོས། གཞན་ཡང་དུས་བཀག་ལྟར་ཚན་རིག་དང་མཐུན་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་དང་དོ་དམ་བྱེད་དགོས། དེ་རྗེས་ཕྱི་རྒྱལ་གྱི་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཀྱི་གྲུབ་འབྲས་ཐོབ་པའི་རྩིས་ཐོའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་རྒྱལ་སྤྱིའི་ཁྱབ་སྤེལ་དཔུང་ཁག་ལ་ཚོགས་པ་ཅན་གྱི་གཉེར་སྐྱོང་དང་དོ་དམ་བྱེད་ཆོག མཇུག་ཏུ་ས་གནས་ཁག་གི་སྲིད་གཞུང་གིས་ཀྱང་ཐོན་ཁུངས་ཀྱི་ལེགས་ཆ་དང་ཤེས་ལྡན་མི་སྣའི་ལེགས་ཆ་བཏོན་ནས། སྣ་མང་ཅན་གྱི་རིག་གནས་སྤེལ་རེས་བྱེད་པ་དང་གསོ་སྦྱོང་ཚོགས་འདུ་འཚོགས་ཏེ། སྐད་བརྡ་དང་། ཁྱབ་སྤེལ་བྱེད་མཁན་གྱི་བྱ་སྤྱོད། ཁྱབ་སྤེལ་གྱི་ནང་དོན། ཁྱབ་སྤེལ་ཐབས་ལམ་བཅས་ཀྱི་ཐད་ཆེད་ལས་ཀྱི་གསོ་སྦྱོང་བྱེད་དགོས་ཞེས་ལན་བཏབ།