ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གཏམ་བཟང་། འདིར་རླངས་འཁོར་བཞག་ན་རིན་པ་དགོས་ཀྱི་མི་འདུག

སྤེལ་དུས 2024-07-12 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
             ལྷ་ས་ས་གཙང་འབྱུང་འཕྲོད་ཚོགས་པའི་སྐད་འཕྲིན་སྤྱི་སྟེགས་སུ་སྤེལ་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་དམངས་ཕན་བྱ་ཐབས་དང་ལེན་ཧུར་ཐག་བྱས་ནས།གྲོང་མི་དང་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་ས་གཙང་ཚོགས་པའི་རླངས་འཁོར་འཇོག་ས་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་རེད།
            1 རླངས་འཁོར་འཇོག་པའི་དུས་ཚོད། 
            ཆུ་ཚོད24རིང་།
            ཕྱིའི་རླངས་འཁོར་བཞག་ཆོག་པའི་ས་ཁོངས། ལྷ་ས་གྲོང་ཁྱེར་ས་གཙང་འབྱུང་འཕྲོད་ཚོགས་པའི་སྒོ་རའི་ནང་།
            ཕྱི་ནས་ཡིན་པའི་རླངས་འཁོར་འཇོག་པའི་དགོས་མཁོ་ཡོད་པའི་གྲོང་མི་དང་ཡུལ་སྐོར་བའི་འཁོར་རིགས་ཆུང་གྲས་ཚང་མ་བཞག་ཆོག
            2 དོ་སྣང་བྱ་ཡུལ།
            དང་པོ། ཁ་ལོ་བས་རང་འགུལ་ངང་སྒོ་སྲུང་མི་སྣའི་དོ་དམ་ལ་བརྩི་སྲུང་ཞུ་དགོས་པར་མ་ཟད། རླངས་འཁོར་གྲལ་འགྲིག་པོས་གཏན་འཁེལ་བྱས་པའི་ས་ཁོངས་སུ་བཞག་དགོས་པ་དང་། འབྲེལ་གཏུག་ཨང་གྲངས་མིག་གིས་མཐོང་སར་འཇོག་དགོས།
            གཉིས་པ། མེ་སྐྱོན་བཟོ་ཉེན་ཆེ་བའི་བཀག་སྡོམ་དང་འགལ་བའི་དངོས་རྫས་ཁྱེར་ནས་ནང་དུ་འཛུལ་མི་ཆོག
            གསུམ་པ། གཏན་འཁེལ་གྱི་དུས་ཚོད་ནང་རླངས་འཁོར་བཞག་མེད་པ་དང་། དུས་ཡུན་རིང་པོར་རླངས་འཁོར་འཇོག་གནས་བཟུང་བ། གཞུང་སྒྲུབ་སྒྲིག་ལམ་ལ་སྐྱོན་བཟོས་པ། ཚོགས་པའི་ལས་བྱེད་མི་སྣས་ཐེངས་གཉིས་ཡན་དྲན་སྐུལ་བྱས་ཀྱང་དོ་སྣང་མི་བྱེད་པའི་འཁོར་རིགས་བདག་པོའི་རླངས་འཁོར་འཇོག་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་སྒྲིག་འགལ་རླངས་འཁོར་ཕྱིར་བུད་ཆོག
            བཞི་པ། ཕྱི་ཕྱོགས་ལ་རིན་མེད་ངང་རླངས་འཁོར་འཇོག་གནས་སྒོ་འབྱེད་རྒྱུ་དེ་དམངས་ཕན་གྱི་བྱ་སྤྱོད་ཅིག་ཡིན་པས། རླངས་འཁོར་བདག་པོས་རླངས་འཁོར་ནང་གི་འབྲེལ་ཡོད་རྒྱུ་དངོས་ཉར་ཚགས་ཡག་པོ་བྱ་དགོས། ལྷ་ས་གྲོང་ཁྱེར་ས་གཙང་འབྱུང་འཕྲོད་ཚོགས་པས་རླངས་འཁོར་ལས་འཛོལ་གྱི་གཏོར་སྐྱོན་དང་། རླངས་འཁོར་ནང་གི་རྒྱུ་དངོས་རྐུ་ཤོར་དང་བོར་བརླག་སོགས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་ཐུབ་ཀྱི་མེད།
            ལྔ་པ། ཁ་ལོ་བས་སྤྱི་པའི་སྒྲིག་བཀོད་ལ་གཅེས་སྐྱོང་དང་། སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་བྱས་ཏེ། ཐུན་མོང་ཐོག་ཚུལ་ལྡན་གྱི་རླངས་འཁོར་འཇོག་པའི་ཁོར་ཡུག་བསྐྲུན་དགོས། ས་གཙང་འབྱུང་འཕྲོད་ཚོགས་པའི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང་། ལས་ཁུངས་ནང་འཛུལ་རྗེས་གང་འདོད་དུ་བརྙན་བླངས་མི་ཆོག
            དྲུག་པ། ལྷ་ས་ས་གཙང་འབྱུང་འཕྲོད་ཚོགས་པར་བྱེད་སྒོ་གལ་ཆེན་སོགས་དམིགས་བསལ་གྱི་གནས་ཚུལ་འཕྲད་ཚེ།ཕྱི་ནས་ཡོང་བའི་རླངས་འཁོར་འཇོག་མཚམས་འཇོག་རྒྱུ།
རྩོམ་སྒྲིག་པ། རིག་གྲོལ།