ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་སྒུལ་ཤུགས་སུ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

སྤེལ་དུས 2024-07-24 ཡོང་ཁུངས། རྩོམ་པ་པོ།
—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
  ཟླ་7ཚེས་15ནས་ཚེས་18ཉིན་བར། པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་དེ་མུར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ནི་གཟིགས་རྒྱང་རིང་བ་དང་། མཐོང་རྒྱ་ཆེ་བ། དགོངས་གཞི་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། སྔར་བས་དམ་པ་དོན་གཉེར་གྱི་རྣམ་འགྱུར་དང་སྔར་བས་འགྱུར་མེད་སྟོབས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་འབད་འབུངས་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་སྒུལ་ཤུགས་སུ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
  “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དེར་དུས་རབས་འབྱེད་པ་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ལ། རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མདུན་ལམ་རྒྱ་ཆེན་པོ་ཞིག་ཀྱང་བཏོད་ཡོད།
   ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གཏན་འབེབས》ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་དང་དེ་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་གཏོད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ལིའུ་མིང་ཧྥེ་ཡིས་བཤད།
  ལིའུ་མིང་ཧྥེ་ཡིས་ལྷོ་ཁ་གྲོང་ཁྱེར་ནུས་རྒྱུ་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་ནས་འགན་འཁྲི་གཙང་སྒྲུབ་དང་། དངོས་འཛིན་དངོས་སྒྲུབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། བོད་ཀྱི་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “ཆུ་རླུང་འོད་ཀྱི་ནུས་པ་གསོག་འཇོག”གཞི་གཅིག་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ། རང་ལྗོངས་ཀྱི་ནུས་རྒྱུའི་འཐབ་ཇུས་ཕྱོགས་སྒྱུར་ལ་སྐུལ་མ་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་བརྗོད།
  “ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་འཐབ་ཇུས་བྱེད་ཐབས་བཟོས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་པའི་ཆོད་སེམས་བརྟན་པོ་དང་། བློ་སྟོབས་བརྟན་པོ། འཇོན་ཐང་ཆེན་པོ་བཅས་གང་ལེགས་མཚོན་ཡོད” ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་ཝ་འབེབས་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧན་ཧྲོང་གིས་ཉིན་ཤས་བསྟུད་མར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་དོ་ཁུར་རྩེ་གཅིག་ཏུ་བྱེད་བཞིན་ཡོད།
  ཧན་ཧྲོང་གིས“གྲོང་སྡོད་ལས་བྱེད་པ་ཞིག་ཡིན་པའི་ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཟུང་དུ་འབྲེལ་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔར་བས་བརྟན་དུ་གཏོང་བ་དང་། གཞི་རིམ་གྱི་འཐབ་ས་དང་པོར‘གླང་རྒན’དང‘བཞོན་གླང’‘རྨོན་གླང’ལྟ་བུའི་གཞི་རིམ་ལས་བྱེད་པ་ཞིག་ཧུར་ཐག་བྱེད་པ་དང་། ‘གཟེར་འདེབས’ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་སྒྲུབ་ཕོད་པ་དང་བྱེད་ཕོད་པ། ལས་དོན་སྒྲུབ་མཁས་པ། ‘བྱས་རྗེས་ཐོབ་པར་ང་ཡིས་འབད’པའི་གཟི་བརྗིད་བསམ་པར་བརྟེན་ནས་གསར་འབྱེད་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད། མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱས་ཏེ་ཞབས་འདེགས་ཞུ་བ། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དཔལ་འབྱོར་འཕེལ་རྒྱས་སོགས་ལས་དོན་ཁག་ལ་གཅིག་འདོམས་བྱས་ཏེ་ལས་དོན་གྱི་ལམ་སྲོལ་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས། ཏང་དང་མང་ཚོགས་དང་དེ་བཞིན་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་རྒྱུན་མཐུད་དམ་ཟབ་ཀྱིས་གཞི་རིམ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་གི་ཡིན”ཞེས་བཤད།
  “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསར་གཏོད་རང་བཞིན་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་སྒྱུར་བཅོས་ཀྱི་ལག་ལེན་རྒྱ་ཆེ་གཏིང་ཟབ་གསར་པའི་ཕྱོགས་ལ་སྐུལ་འདེད་བཏང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་མཐིལ་ཕྱིན་པ་བྱ་རྒྱུའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་པ་མ་ཟད། དུས་རབས་གསར་པར་གནས་སྤོས་ཡུལ་མིའི་དོ་དམ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་རྗེས། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་མཐའ་མཚམས་འཛུལ་སྒྲོལ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་སྐལ་རབ་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
སྐལ་རབ་ཀྱིས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་བཅའ་སྲུང་བྱེད་མཁན་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་ཞིག་གི་ངོས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་རང་འཁྲིའི་ལས་དོན་དང་མཉམ་འདྲེས་བྱས་ནས་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། ས་གནས་ཀྱི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བའི་འགན་ལེན་དང་། འགག་སྒོའི་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བཅས་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་ལས་དོན་སྒྲུབ་སྟངས་གསར་གཏོད་དང་འགན་སྒྲུབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལས་རྗེས་འཇོག་གི་ཡིན་ཞེས་བཤད་པ་རེད།