ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དམངས་ཀྱི་ལུས་སྦྱོང་ཚ་རླབས་འཕྱུར། ཡུལ་སྐོར་རྣམ་པ་འཁྲུག་ཆ་དོད།

སྤེལ་དུས 2024-07-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་མདའ་རྩལ་པ་འགྲན་རར་འཛུལ་བཞིན་པ།
  ཉེ་ཆར། 2024ལོའི་མདའ་བྲོའི་ཀྲུང་ཧྭ་·དམངས་ཡོངས་ལུས་སྦྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་སྐབས་ལྔ་པ་གྲོ་མོ་རྫོང་དུ་གཉེར་ཞིང་། ལྗོངས་ནང་ཁུལ་གྱི་འཐུས་མི་རུ་ཁག་15ཡི་མི་150འགྲན་བསྡུར་ནང་ཞུགས་ཡོད་པ་རེད། འགྲན་བསྡུར་རིང་། གྲོ་མོ་རྫོང་གིས་ད་དུང་ཡུལ་ཟོག་ཐོན་རྫས་དང་། ལག་ཤེས་ཐོན་རྫས། རྒྱན་གོས་སོགས་ཀྱི་ཚོང་འདུས་གཉེར་བར་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ལྟ་སྐོར་དང་ཉམས་ལེན་བྱེད་པར་ཡོང་བ་དང་སྦྲགས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་ཐུབ་ཡོད།