ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པར་རྟེན་འབྲེལ་ཞུ།

སྤེལ་དུས 2024-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཟླ11པའི་ཚེས27ཉིན། བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་མི་རིགས་འཇུ་རེས་རུ་ཁག་ལ་བྱ་དགའ་ཨང་དང་པོ5དང་། ཨང་གཉིས་པ2དང་། ཨང་གསུམ་པ3བཅས་ཐོབ།
       འགྲན་ཞུགས་པ་ཅིས་ས་ཆན་ལར་མི་རིགས་འཇུ་རེས་རྣམ་གྲངས་སྦེ་ག(བོད་རིགས)ཡི་སྤྱི་རྒྱ62རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། འགྲན་ཞུགས་པ་ཨ་ཨེན་ཧྲི་ཀེར་མི་རིགས་འཇུ་རེས་རྣམ་གྲངས(དབྱིས་རིགས)ཀྱི་སྤྱི་རྒྱ52རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་ལ། འགྲན་ཞུགས་པ་ཅིས་ས་དབྱི་ཀྲོས་ལ་མི་རིགས་འཇུ་རེས་རྣམ་གྲངས(དབྱིས་རིགས)ཀྱི་སྤྱི་རྒྱ62རིམ་པའི་བྱ་དགའ་ཨང་དང་པོ་ཐོབ། འགྲན་ཞུགས་པ་པཱ་དབྱིན་ན་ལར་མི་རིགས་འཇུ་རེས་རྣམ་གྲངས(དབྱིས་རིགས)ཀྱི་སྤྱི་རྒྱ74རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། འགྲན་ཞུགས་པ་རི་ཧུའོ་པུར་མི་རིགས་འཇུ་རེས་རྣམ་གྲངས(ཡུ་གུར་རིགས)ཀྱི་སྤྱི་རྒྱ62རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་ཡོད།
       འགྲན་ཞུགས་པ་ཟུར་རི་ཀ་ཐུ་ལ་མི་རིགས་འཇུ་རེས་རྣམ་གྲངས(ཡུ་གུར་རིགས)ཀྱི་སྤྱི་རྒྱ74རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། འགྲན་ཞུགས་པ་ཡེ་ཤེས་རྡོ་རྗེར་མི་རིགས་འཇུ་རེས་རྣམ་གྲངས(བོད་རིགས)ཀྱི་སྤྱི་རྒྱ87རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ་པ། ཚེ་དབང་ཡེ་ཤེས་ལ་མི་རིགས་འཇུ་རེས་རྣམ་གྲངས(དབྱིས་རིགས)ཀྱི་སྤྱི་རྒྱ87རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ་པ། ཙོན་ཧྲེང་ཡུས་ལ་མི་རིགས་འཇུ་རེས་རྣམ་གྲངས(ཡུ་གུར་རིགས)ཀྱི་སྤྱི་རྒྱ62རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ་པ། ཅི་དབྱི་དབྱི་ཕུང་ལ་མི་རིགས་འཇུ་རེས་རྣམ་གྲངས(ཡུ་གུར་རིགས)ཀྱི་སྤྱི་རྒྱ52རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།
       མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ནང་དུ་བྱ་དགའ་ཨང་དང་པོ11དང་། བྱ་དགའ་ཨང་གཉིས་པ26དང་། བྱ་དགའ་ཨང་གསུམ་པ24བླངས་པ་རེད།(དེའི་ནང་རྟ་ཐོག་ལུས་རྩལ་རྣམ་གྲངས་ཚུད་ཡོད)

བྱ་དགའ་སྤྲོད་པའི་ཡུལ་དངོས།