ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ས་སྐྱ་རྫོང་བྲག་གཞུག་ཤང་སློབ་ཆུང་གཉིས་པས“ཁ་ཆེ་ཤ་སྐམ་གྱི་གསང་བ་འཚོལ་ཞིབ་བྱེད་པའི”སྤྱི་ཚོགས་ཀྱི་ ལག་ལེན་སློབ་གསོའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2024-12-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། ཧྲང་ཧའེ་བོད་སྐྱོར་ས་སྐྱ་ཚོགས་ཆུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་གཞུག་ཤང་སློབ་ཆུང་གཉིས་པས“ཁ་ཆེ་ཤ་སྐམ་གྱི་གསང་བ་འཚོལ་ཞིབ་བྱེད་པའི”བརྗོད་དོན་གཙོ་བོའི་སྤྱི་ཚོགས་ཀྱི་ལག་ལེན་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
  བྱེད་སྒོ་སྤེལ་རིང་སློབ་མ་ཚོས་ཁ་ཆེ་ཤ་སྐམ་གྱི་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ་ཁ་ཆེ་ཤ་སྐམ་གྱི་སྐྱེ་འཚར་དུས་འཁོར་དང་། འདེབས་འཛུགས་ཀྱི་གཙོ་གནད། འཐུ་སྟངས་སོགས་ཀྱི་ཤེས་བྱ་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་བྱས་པ་དང་། དེ་ནས་ལས་དོན་མི་སྣའི་མཛུབ་ཁྲིད་འོག་ཁ་ཆེ་ཤ་སྐམ་འཐུ་སྟངས་ཉམས་ལེན་བྱས་པ་རེད།