ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དྲོ་འཇམ་ཉི་འོད་འོག་གི་ནོར་བུ་གླིང་གའི་གླུ་གཞས་འདུ་ཚོགས།

སྤེལ་དུས 2024-12-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན།“ཉི་འོད་གྲོང་ཁྱེར། གླུ་གཞས་གླིང་གའི་འདུ་ཚོགས”ཞེས་པའི་བྱེད་སྒོ་དེ་འཛམ་གླིང་རིག་གནས་ཤུལ་བཞག་ཁུལ་གྱི་ནོར་བུ་གླིང་གར་སྤེལ། བྱེད་སྒོ་དེས2024ལོའི་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི“འོད་སྣང་དང་མཐོ་སར་བསྐྱོད་པའི”བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་དམ་ཟབ་ཀྱིས་ནོར་བུ་གླིང་གའི་དགུན་དུས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད།   
       དེ་ཉིན་དགུན་དུས་ལྷ་སའི་དྲོ་འཇམ་ཉི་འོད་འོག་གྲོང་མི་དང་ཡུལ་སྐོར་བ6000ལྷག་ཙམ་ནོར་བུ་གླིང་གར་མཉམ་འཛོམས་ཀྱིས་དམངས་གཞས་དང་། འཁྲུག་གཞས། མི་རིགས་རོལ་དབྱངས་སོགས་ཉམས་འགྱུར་མི་འདྲ་བའི་རོལ་དབྱངས་གཅིག་སྡུད་ཀྱི་སྟོན་མོ་གཟབ་རྒྱས་མཉམ་དུ་མྱོང་རོལ་བྱས་པ་དང་ཆབས་ཅིག བྱེད་སྒོའི་ཡུལ་དངོས་སུ་ད་དུང་ཁྱད་ལྡན་བསམ་བཀོད་ཚོང་འདུས་ཀྱང་གཉེར་ཏེ། བཟའ་བཏུང་ཙག་ཙིག་གྲ་སྒྲིག་གིས་ཡུལ་སྐོར་བ་དང་རྒྱ་ཆེའི་གྲོང་མི་ཚོར་གནའ་བོའི་རིག་གནས་དང་དེང་རབས་ཀྱི་མི་རིགས་གླུ་གཞས་སྒྱུ་རྩལ་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་དུ་བཅུག་པ་དང་། གྲོང་མིའི་རིག་གནས་འཚོ་བ་དང་ཡུལ་སྐོར་བའི་མྱོང་ཚོར་ཕུན་སུམ་ཚོགས་སུ་བཏང་སྟེ་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པར་བཀྲག་མདངས་གསར་པ་ཞིག་བསྣན་ཡོད།

 གླུ་གཞས་འདུ་ཚོགས་ཀྱི་ནང་མ་སྟོད་གཞས་འཁྲབ་སྟོན་གྱི་ཡུལ་དངོས། 

 གླུ་གཞས་འདུ་ཚོགས་ཐོག་གཞས་པས་གཞས་གཏོང་བཞིན་པ། 

 གླུ་གཞས་འདུ་ཚོགས་ཐོག་གི་ལྟད་མོ་བ། 

 ཚོང་འདུས་ཐོག་གྲོང་མི་དང་ཡུལ་སྐོར་བ་ཚོས་བསམ་བཀོད་ཐོན་རྫས་ཉོ་བཞིན་པ། 

 སྤོས་ཚོང་ཁང་དུ་ཕོ་གཞོན་ཞིག་གིས་བོད་སྤོས་བཟོ་བཞིན་པ། 

 ཚོང་འདུས་ཐོག་གི་བོད་ལྗོངས་ཀྱི་ཁྱད་ལྡན་བསམ་བཀོད་ཐོན་རྫས། 

 ཚོང་འདུས་ཐོག་གྲོང་མི་དང་ཡུལ་སྐོར་བས་ཕྱེ་མར་འཁྱགས་སྒམ་ཉོ་བཞིན་པ། 

བྱེད་སྒོའི་ཡུལ་དངོས་སུ་ཚོང་འདུས་ཉུལ་བཞིན་པའི་གྲོང་མི་དང་ཡུལ་སྐོར་བ། 


 རྩོམ་སྒྲིག་པ། མང་ག་མཚོ།