བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་གཞུང་ལམ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་གླ་ཕོགས་ལེན་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོད་དེ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་དང་འདང་ངེས་བཞིན་སྤྲད་རྒྱུ་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མི་སྣའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། འབྲེལ་གཏུག་བྱེད་སྟངས་ལེགས་སྒྲིག་བྱས་ཡོད་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། གལ་ཏེ་སྲིད་ཇུས་ལྟར་ངལ་རྩོལ་གན་རྒྱ་མི་འཇོག་པ་དང་། ཟླ་རེ་བཞིན་གླ་ཕོགས་འདང་ངེས་བཞིན་པ་མི་སྤྲོད་པའམ་ཡང་ན་རྐང་འཛུགས་ནས་གླ་ཆ་ཆད་འགྱང་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ། དུས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་ཚན་པར་སྙན་སེང་ཞུས་ཆོག་ལ། རྣམ་གྲངས་གནས་ཡུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་པར་སྙན་སེང་ཞུས་ནའང་འགྲིག
ཟུར་བཀོད། བོད་ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ལས་མིའི་གླ་ཕོགས་ཁེ་དབང་སྲུང་སྐྱོང་བྱེད་པའི་འབྲེལ་གཏུག་ཁ་པར་ཨང་གྲངས།