ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མེ་ཟོན་རུ་མི་ཚོར་ཕུལ་བའི་འཕྲིན་ཡིག་ཅིག

སྤེལ་དུས 2025-01-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས12ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལྷོ་ཁ་དཔུང་སྣོན་ཡན་ལག་རུ་ཁག་གི“འཕྲིན་ཡིག་ཅིག”མཐོང་བྱུང་། འདི་ནི་ལྷོ་ཁའི་དཔུང་སྣོན་ཡན་ལག་རུ་ཁག་གི་རུ་མིས་དེ་ཉིན་དིང་རི་རྫོང་ཆུ་ལྷོ་ཞང་དཔལ་འབྱོར་སྒང་གྲོང་ཚོར་མེ་ཟོན་ཡོ་ཆས་ཀྱི་སྤྱོད་སྟངས་སྐོར་གསལ་འགྲེལ་བྱེད་སྐབས་བུ་མོ་ཆུང་ཆུང་ངག་དབང་སྐྱིད་པས་མེ་ཟོན་རུ་མིར་ཕུལ་བའི་འཕྲིན་ཡིག་ཅིག་རེད།

ངག་དབང་སྐྱིད་པས་བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལྷོ་ཁ་དཔུང་སྣོན་ཡན་ལག་རུ་ཁག་ལ་ཕུལ་བའི་འཕྲིན་ཡིག
            ངག་དབང་སྐྱིད་པའི་འཕྲིན་ཡིག་ནང“ངའི་ཡི་གེ་དེ་ཙམ་ཡག་པོ་མེད་ཀྱང་ངས་སྔ་ཕྱི་བར་གསུམ་དུ་གཞན་ནས་རྒྱུན་འཁྱོངས་ངང་སྦྱོང་བཞིན་ཡོད། ངས་གནས་ཚུལ་འདི་དག་མཐོང་སྐབས་དངོས་གནས་སེམས་སྡུག་ཆེན་པོ་སྐྱེས་བྱུང་། མ་གཞི་ངས་རོགས་རམ་གང་ཐུབ་བྱེད་དགོས་བསམ་ཀྱི་འདུག འོན་ཀྱང་ང་ཆུང་དྲག་པས་རོགས་པ་དེ་ཙམ་བྱེད་ཐུབ་ཀྱི་མིན་འདུག ངས་ཨ་ཁུ་མེ་ཟོན་རུ་མི་ཚོས་ཐབས་ཤེས་ཡོད་ཚད་བཏོན་ནས་ཁོང་ཚོ་སྐྱོབ་ཀྱི་ཡོད་པ་མཐོང་བྱུང་། མེ་ཟོན་རུ་མི་ཚོས་བྱིས་པ་སྐྱོབ་ཀྱི་འདུག་ལ། སྒོ་ཕྱུགས་ཀྱང་སྐྱོབ་ཀྱི་འདུག ང་སློབ་ཆུང་སློབ་མ་ཞིག་ཡིན་པའི་ངོས་ནས་དཔའ་བོ་ཁྱེད་ཚོར་བརྩི་བཀུར་ཞུ་དགོས་ངེས་རེད། ཁྱེད་ཚོ་ནི་དགུང་སྔོན་དབྱིངས་ཀྱི་ཉི་མ་ཡིན་ལ། ང་ཚོ་མི་དམངས་ནི་མེ་ཏོག་ཡིན། ཁྱེད་ཚོ་ཡོད་ན་གཞི་ནས་ང་ཚོ་ཡོད་སྲིད། ཨ་ཁུ་མེ་ཟོན་རུ་མི་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོ་ནི་ང་ཚོ་མི་དམངས་ཀྱི་གཟི་བརྗིད་ཡིན ”
            "ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།" ཞེས་བྲིས་ཡོད།
            གཞིས་རྩེ་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་ཚུན། མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་གནོད་ཐེབས་ས་ཁུལ་དུ་ཐོན་ཞིང་། དེ་ནི་ཏང་དང་སྲིད་གཞུང་དང་དེ་བཞིན་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཕན་ཚུན་ལྟ་སྐྱོང་རོགས་རམ་བྱས་པ་ཞིག་ཡིན་པ་མ་ཟད། གནོད་ཐེབས་ས་ཁུལ་གྱི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་དང་དྲིན་ཚོར་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་ཞིག་དེ་བས་ཀྱང་རེད།



ཡོང་ཁུངས།