ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བཞིན་པ།
སྤེལ་དུས 2025-01-20
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
གཞིས་རྩེའི་དིང་རིར་ས་ཡོམ་བརྒྱབ་ཚུན། འབྲེལ་ཡོད་སྡེ་ཚན་ཁག་གིས་བྱ་སྤྱོད་མྱུར་དུ་སྤེལ་ནས་གེགས་ཁུལ་གྱི་བདེ་འཇགས་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་གྲལ་བཤེར་བྱས་ཏེ། ཞོར་ཐོན་གནོད་འཚེ་མི་ཐོན་གཏན་འགོག་བྱས་ཡོད། འགྲིམ་འགྲུལ་སྡེ་ཚན་གྱིས་ཟམ་པ་900དང་། ཕུག་ལམ་47 ཟམ་སྦུག་4468བཅས་ལ་གྲལ་བཤེར་བྱས་པ་དང་གཞུང་ལམ་སྤྱི་ལེ་5596ལ་སྐོར་ཞིབ་བྱས་ཡོད། འདི་ནི་ཟླ་1ཚེས་18ཉིན་གཞིས་རྩེའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་གཏིང་སྐྱེས་བདག་སྐྱོང་དུམ་བུའི་ལས་དོན་པས་ས་ཡོམ་ཁྲོད་ཞིག་པའི་ལམ་དུམ་ཁག་གཅིག་ཉམས་བཟོ་བྱེད་བཞིན་པ།