བལ་གྱི་ཁ་དཀྲིས་དང་ལུག་ལྤགས་ཀྱི་ལྟོ་ཕད་དང་ད་དུང་བྱང་རྩྭ་ཐང་གི་འབྲོག་ལས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དག་ཐོན་ཚོང་འབྲེལ་མཐུད་ཀྱི་བྱེད་སྒོ་ཞིག་གི་ནང་ཐོན་རྫས་ཀྱི་སྤུས་ཀ་དག་ལ་དམིགས་བསལ་གྱི་ས་ཁོངས་ཁྱད་ཆོས་ལ་བརྟེན་ནས་ཚོགས་ཞུགས་མི་སྣ་མང་པོའི་ཡིད་དབང་བཀུག་ཡོད། 2024ལོའི་ཟླ་9པར། རྒྱལ་ཡོངས་ཀྱི་མཁོ་སྒྲུབ་ཁོངས་གཏོགས་ཀྱི་བོད་སྐྱོར་འཛད་སྤྱོད་རོགས་སྐྱོར་དང་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས“ཕྱིར་གཏོང་བའི”ཐོན་ཚོང་འབྲེལ་མཐུད་ཀྱི་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བར་བརྟེན་ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གིས་ས་མཐོའི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཐོན་ཟོག་ཁག་གཅིག་ལེགས་འདེམས་བྱས་ནས་འགྲེམས་སྟོན་དང་ཕྱིར་ཚོང་བྱས་པ་དང་འབྲེལ་ཉིང་ཁྲི་གྲོང་ཁྱེར་མཁོ་སྒྲུབ་མཉམ་ལས་ཁང་གི་ཞིང་ལས་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་ཁང་དང་ཡུན་རིང་ཕྱིར་ཚོང་གི་མཉམ་ལས་གྲོས་མཐུན་བཞག་སྟེ། ཤན་རྩ་རྫོང་གི་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས“ཕྱིར་གཏོང་བའི”ཁྲོམ་རའི་ཐབས་ལམ་རྒྱ་ཆེར་བཏང་ཞིང་།
དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། རྐང་འཁོར་ནས་སྦག་སྦག་དང་རླངས་འཁོར་བར་དང་། ཡང་ལཱ་ནས་སྣུམ་བཞུ་དང་གློག་སྒྲོན་བར། སྒྲ་བསྡུ་འཕྲུལ་འཁོར་ནས་བརྙན་འཕྲིན་བར་དང་དེ་ནས་གློག་ཀླད་བར་ལ་སོགས་མདོར་ན་བོད་བྱང་ཐང་གི་འབྲོག་པ་མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་ཚང་མར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། དེས་ན་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེཌ་སུ་སོང་ཡང་། མཁོ་སྒྲུབ་མཉམ་ལས་ཁང་གིས་དམངས་ལ་ཞབས་འདེཌ་ཞུ་བའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གང་ཡང་བྱུང་མེད།
“ཤན་རྩ་རྫོང་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། ཉོ་ཚོང་སྟབས་བདེ་པོ་མེད་རྐྱེན་མང་ཚོགས་ལ་མཁོ་སྒྲུབ་མཉམ་ལས་ཁང་མཁོ་པོ་ཡོད། གནས་སྐབས་དཀའ་ངལ་འཕྲད་རུང་བློ་རྩེ་གཅིག་སྒྲིམ་གྱིས་ལས་དོན་བསྒྲུབས་ན་ལེགས་འགྲུབ་ཡོང་ངེས་རེད” བུ་ལོན་མང་པོ་ཟུག་ནས་གཉེར་སྐྱོང་ཁག་པོ་བྱུང་ཡང་། ཁོང་ཚོས་དད་སེམས་དང་ཡིད་ཆེས་དེ་ལྟ་བུ་མཐའ་འཁྱོངས་ཀྱིས་མདུན་སྐྱོད་བྱས་ཡོད། 1995ལོར་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་དབང་གྲགས་ཀྱིས་ལས་མི་རྒན་གྲས་གཉིས་ཀྱི་སྣེ་ཁྲིད་དེ། མི་རེས་དངུལ་བུན་སྒོར་ཁྲི་30རེ་གཡར་ནས་ལས་བཟོའི་གླ་ཕོགས་ཀྱི་གཏོང་སྒོ་དང་མུ་མཐུད་གཉེར་སྐྱོང་བྱེད་རྒྱུར་སྤྱད་ནས་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གི་གཉེར་སྐྱོང་གྱོང་གུན་གྱི་བུ་ལོན་ཚང་མ་ཁྱོན་ཡོངས་ནས་ཐག་གཅོད་བྱས་པ་རེད།
ཤན་རྩ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གིས་སླར་ཡང་ལས་གཏོད་ལམ་བུར་སྐྱོད་འགོ་ཚུགས།
ད་ཆ་ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གིས་རྫོང་གི་སྤྱི་ཁྱབ་མཉམ་ལས་ཁང་དང་གཞི་རིམ་གྱི་མཁོ་སྒྲུབ་མཉམ་ལས་ཁང་8བཙུགས་ཡོད་པ་དང་། 2023ལོའི་ལོ་འཁོར་གྱི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་629ཟིན་པའི་ནང་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་56ཟིན་ཡོད། དེ་ལྟར་ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་སླར་ཡང་དར་རྒྱས་བྱུང་ནས་མཁོ་སྒྲུབ་མཉམ་ལས་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད།
ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གིས“མཁོ་སྒྲུབ་མཉམ་ལས་ཁང་དང་། གཞི་རིམ་མཉམ་ལས་ཁང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ། སྔོ་ཚལ་དང་ཤིང་འབྲས་སོས་པ་ཁྱིམ་ཚང་མི་རེ་ངོ་རེར་མཁོ་འདོན་ཐུབ་པར་བྱས་ཡོད། བྱེད་སྟངས་དེ་རིགས་བརྒྱུད། ཐད་ཚོང་ཁང་དེ་དག་རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ཚང་མར་ཁྱབ་པ་མ་ཟད། མང་ཚོགས་ཀྱིས་རྫོང་གྲོང་དང་རིན་གོང་གཅིག་མཚུངས་ཡིན་པའི་ཤིང་འབྲས་དང་སྔོ་ཚལ་ཉོ་ཐུབ་པ་བྱུང་བ་དང་སྤུས་དག་གོང་ཁེ་དངོས་འབྲེལ་མངོན་འགྱུར་བྱུང་ཡོད།
2019ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཤན་རྩ་རྫོང་གིས་རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་ཁྲི་298.49བཏང་ནས་ཐག་རིང་ལུང་ཁུག་ཏུ་ཤིང་ཏོག་དང་སྔོ་ཚལ་སྡེབ་སྐྱེལ་གྱི་ཚོད་ལྟའི་རྣམ་གྲངས་ལས་གྲྭ་ལག་བསྟར་བྱས་པ་རེད། 2022ལོ་དང་2023ལོར་ལོ་གཉིས་བསྟུད་མར་ཤན་རྩ་རྫོང་སྲིད་གཞུང་གིས་དམངས་ཆེད་བྱ་བ་དངོས་བསྒྲུབས་པའི་ནང་དོན་གལ་ཆེན་གྱི་གྲས་སུ་བཅུག་ཡོད།
“དམངས་ཆེད་མཁོ་སྒྲུབ་དང་། ཞིང་པའི་ཆེད་མཁོ་སྒྲུབ། ཞིང་དར་ཆེད་མཁོ་སྒྲུབ”བཅས་ཀྱི་ལས་ལ་གཞོལ་ཞིང་། 2015ལོ་ནས་བཟུང་ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གིས་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་ཟམ་མི་ཆད་པར་བཏང་བ་དང་གཉེར་སྐྱོང་ཁྱབ་ཁོངས་རྒྱ་ཆེར་བཏང་བས་ད་ཆ་ཉེར་མཁོའི་བརྒྱ་ཟོག་དང་། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས། ལྕགས་རིགས་འཛུགས་སྐྲུན་རྒྱུ་ཆ་སོགས་སྲོལ་རྒྱུན་གྱི་ལས་རིགས་གཙོ་བོ་དང་ཞོར་ཟས་དང་། ཐ་མག་དང་ཨ་རག འབྲོག་ཟོག་བཅས་གཞོགས་འདེགས་སུ་བྱེད་པའི་འཁོར་རྒྱུག་མ་ལག་ཅིག་ཆགས་ཡོད།
—— ཆུ་ཚན་མཉམ་ལས་ཀྱི་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱས་ཤིང་། ཤན་རྩ་གྲོང་རྡལ་གྱི་གྲོང་ཚོ་ལྔ་ཡིས་ས་སྟོང་ཆུ་ཚན་རྣམ་གྲངས་མཉམ་ལས་གསར་སྤེལ་བྱས་པས། ས་གནས་དེ་གའི་འབྲོག་པ་4ལས་ཞུགས་བརྟན་པོ་བྱུང་བ་དང་། གྲོང་ཚོར་རིམ་རྩིས་བརྒྱབ་ན་བགོ་འགྲེམས་སྒོར་ཁྲི་81བརྒྱབ་པས་ད་ཆ་ས་སྟོང་ཆུ་ཚན་དེ་ཉིད་ཤན་རྩའི་ཆུ་ཚན་ཐོན་ལས་ཀྱི་མིང་བྱང་དུ་གྱུར་ཡོད།
—— འབྲུ་རིགས་གཙོ་བོའི་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱས་ཤིང་། རྩམ་པ་ལས་སྣོན་བཟོ་གྲྭའི་རྣམ་གྲངས་འགན་བླངས་ཏེ། འབྲོག་པ་མང་ཚོགས་ཀྱི་རྒྱུན་གཏན་འབྲུ་རིགས་ཀྱི་དགོས་མཁོ་བསྐངས་པ་དང་ཞིང་འབྲོག་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་ལ་སྤྱི་འདོམས་ཡག་པོ་བྱས་ཐོག བཟའ་འབྲུ་གཙོ་བོའི་འཕྲལ་སྡོམ་འགན་སྲུང་ནུས་པ་གང་ལེགས་བཏོན་པ་རེད།
—— སྣ་མང་ཅན་གྱི་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་བཏོད་ནས་ཤན་རྩ་རྫོང་གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་འགན་གཙང་བླངས་པ་དང་འབྲེལ། 2023ལོར་བཅའ་སྡོད་ཚོང་དུད་ལ་ཚོང་ཁང་གི་ལོ་ཕྱེད་ཀྱི་ཁང་གླ་དང་ཁྲོམ་བཀྱག་གི་བོགས་དངུལ་ལོ་གཅིག་ཆག་ཡང་དང་རྩ་ཆག་གཏོང་བའི་བྱེད་ཐབས་སྤྱད་དེ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཟླ་3རིང་ཚོང་ཁང་33དང་ཁྲོམ་བཀྱག་42ཚང་མ་བོགས་མར་བཏང་ནས་ལས་ཞུགས་མི་གྲངས་104ལ་སྐུལ་ཁྲིད་བྱས་པ་རེད།
—— མཁོ་སྒྲུབ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ཤན་རྩ་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱི་སློབ་མའི“འགན་ལེན་གསུམ”གྱི་སྔོ་ཚལ་སྡེབ་སྐྱེལ་རྣམ་གྲངས་འགན་བླངས་ཏེ། ཤན་རྩ་རྫོང་གི་རྫོང་ཡོངས་ཀྱི་སློབ་འབྲིང་དང་། སློབ་ཆུང་། དེ་བཞིན་བུ་བཅོལ་ཁང་སོགས་སློབ་གྲྭ་34ལ་སྔོ་ཚལ་སྡེབ་སྐྱེལ་བྱས་ཡོད།
“ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་དབོར་བ་དང་འཚོ་བའི་མཁོ་ཆས་གྲོང་ཚོ་དང་དུད་ཚང་དུ་མཁོ་འདོན་བྱས་ཡོད” ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གིས་ཞིང་འབྲོག་ཁུལ་གྱི་དངོས་ཟོག་ཕྱོགས་གཉིས་སུ་འཁོར་རྒྱུག་ཤར་གཏོང་ནུས་ལྡན་བྱས་ནས། མང་ཚོགས་ཀྱི་ཉིན་བཞིན་མང་དུ་འགྲོ་བའི་འཛད་སྤྱོད་དགོས་མཁོ་བསྐངས་པ་དང་། ཞིང་འབྲོག་པའི་འབབ་འཕར་དང་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་སོགས་ལ་དགེ་མཚན་ལྡན་པའི་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།
ཏང་གིས་ཁེ་ལས་ལ་འགོ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་འཛུགས་སྐྱོང་གིས་ཁེ་ལས་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཐོག 2024ལོའི་ཟླ་9པར་ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གི་ཏང་ཀྲི་པུའུ་དངོས་སུ་བཙུགས་པ་རེད།
ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁེ་ལས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་། ལོ་64ཡི་རིང་ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ལྟར་སྤྱི་ཚོགས་ཀྱི་ཕན་འབྲས་དེ་ནམ་ཡང་དཔལ་འབྱོར་ཁེ་ཕན་ལས་ལྷག་པར་བརྩིས་ཡོད། ཁྲོམ་རའི་འཁོར་རྒྱུག་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་ཆེད་ཁེ་ཆུང་བྲིན་མང་གི་སྲིད་ཇུས་ལག་ལེན་བསྟར་བས་ལོ་ལྟར་དམངས་ལ་ཕན་པ་སྒོར་ཁྲི་300ཐོབ་ཡོད་པ་རེད། དེ་དང་ཆབས་ཅིག ཤན་རྩ་རྫོང་གི་ས་གནས་དེ་གའི་ཁེ་ལས་11གི་སྣེ་ཁྲིད་དེ་རྩམ་པ་ཞལ་འདེབས་བརྒྱབ་པ་དང་བོགས་གཏོང་ཁང་པའི་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བ་དང་། ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཁེ་ལས་ཀྱི་འདོན་འོས་པའི་ནུས་པ་བཏོན་པ་རེད།
ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གིས་ཞིང་པར་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་ཟོག་འགྲེམས་ཞབས་ཞུའི་འགག་གནད་ཧུར་ཐག་བཤངས་པ། ཞིང་འབྲོག་ཐོན་རྫས་བྲིན་ཚོང་དང་འཚོ་བའི་མཁོ་ཆས་སྡེབ་སྐྱེལ་སོགས་སྣ་མང་གཉེར་སྐྱོང་ཞབས་ཞུ་ཧུར་ཐག་སྒྲུབ་པ་སོགས་བྱས་ཏེ་ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི“འབྲོག་ལས་ཐོན་རྫས་མཁོ་སྒྲུབ་ཀྱི་སྔོན་ཐོན་ཚན་པར”བདམས་པ་དང་། ནག་ཆུ་ས་ཁུལ་གྱི“ཁེ་ལས་ཀྱི་ལེགས་སྐྱེས་བྱ་དགའ”དང་ནག་ཆུ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི“རྒྱལ་ནང་ཚོང་དོན་འཁོར་རྒྱུག་ཁེ་ལས་ཕུལ་བྱུང་གི་བྱ་དགའ”སོགས་སྤྲད་པ་རེད། 2023ལོའི་ཟླ་7པར“ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མ་ལག་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ”ཤན་རྩ་རྫོང་དུ་བདེ་བླག་ངང་འཚོགས་པ་དང་། ཤན་རྩ་རྫོང་མཁོ་སྒྲུབ་མཉམ་ལས་ཁང་གི་དཔེ་མཚོན་ཉམས་མྱོང་དང་བྱེད་སྟངས་ལྗོངས་ཡོངས་སུ་ཁྱབ་གདལ་ནུས་ལྡན་བཏང་བ་རེད།