མཚོ་བོད་ཚོགས་པ་ཀུང་སིས་2024ལོར་བོད་དུ་འགྲུལ་པ་སྐྱེལ་འདྲེན་དང་མེ་འཁོར་གཏོང་གྲངས་གཉིས་ཀ་ཟིན་ཐོ་གསར་པ་བཏོད་པ།
སྤེལ་དུས 2025-01-26
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ་མཚོ་བོད་ཚོགས་པ་ཀུང་སི་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི་1801སྐྱེལ་འདྲེན་བྱས་པ་དེ་2018ལོའི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་མི་ཐེངས་ཁྲི་1655.6ལས་བརྒལ་བ་དང་ཉིན་རེར་བོད་དུ་མེ་འཁོར་ཆ་9གཏོང་བཞིན་ཡོད་པས་གྲངས་གཞི་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
2024ལོ་ནས་བཟུང་། མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་སྐྱེལ་འདྲེན་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་འགྲུལ་སྐྱེལ་ཐོན་རྫས་མཁོ་སྤྲོད་བྱ་རྒྱུ་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སུ་བཏང་ཡོད། སྤྱིར་བཏང་མྱུར་ཚད་ཀྱི་ལྕགས་ལམ་གཞི་གཅིག་ཏུ་འདུས་པའི་སྤུས་ཚད་མཐོ་བའི་མྱུར་བགྲོད་ས་མཐོའི་ལྕགས་ལམ་འགྲིམ་འགྲུལ་དྲ་རྒྱ་དང“G”ཡིག་མགོར་བྱས་པ་ནས“K”ཡིག་མགོར་བྱས་པའི་བར་སྐྱེལ་འདྲེན་ནུས་པ་ཆ་ཚང་བའི་གྲུབ་ཆ་ཆགས་ཡོད།
མཚོ་བོད་ཚོགས་པ་ཀུང་སི་འགྲུལ་ཟོག་དོ་དམ་པུའུ་ཡི་ཀྲུའུ་རེན་གཞོན་པ་ལི་ཅ་ཡིས“ད་ཆ་ལས་སྟེགས་12306བརྒྱུད་འགྲུལ་པས་མེ་འཁོར་གྱི་དུས་ཚོད་རེའུ་མིག་དང་། སྤ་སེ་ཉོ་བ། སྤ་སེ་ཕྱིར་སློག་པ། སྤ་སེའི་དུས་ཚོད་བསྒྱུར་བ། རྩིས་ཞུའི་དཔང་ཡིག་ལེན་པ་བཅས་ཐུབ་པ་མ་ཟད། ད་དུང་ལམ་ཐག་འཆར་འགོད་གྲོས་འགོ་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ”ཅེས་ངོ་སྤྲོད་བྱས་པ་རེད།
མཚོ་བོད་ཚོགས་པ་ཀུང་སིའི་བོད་དུ་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་མེ་འཁོར་གྱི་བསྡོམས་འབོར་དེ་ཐོག་མའི་ཤར་གཏོང་སྐབས་ཀྱི་ཉིན་རེར་ཆ་3ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ཡིན་པའི་ཉིན་རེར་ཆ་9བར་སླེབས་ནས་ལོ་ཧྲིལ་པོར་བོད་དུ་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་289.1བསྐྱལ་ཐུབ་ཡོད།
གྲངས་གཞི་ལས་མངོན་པ་ལྟར་ན། མཚོ་བོད་ཚོགས་པ་ཀུང་སིས་2024ལོར་རིམ་རྩིས་བརྒྱབ་ན་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་2131བཏང་བ་དང་དཔྱིད་གསར་སྐྱེལ་འདྲེན་དང་དབྱར་དུས་སྐྱེལ་འདྲེན་སྐབས་འགྲུལ་པ་མི་ཐེངས་ཁྲི་195.87དང་ཁྲི་451.4སོ་སོར་སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་108.43%དང་3.34%སོ་སོར་འཕར་བ་རེད། དེའི་ནང་ཟླ་10ཚེས་1ཉིན་འགྲུལ་པ་མི་ཐེངས་ཁྲི་9.88སྐྱེལ་འདྲེན་བྱས་ནས་མཚོ་བོད་ཚོགས་པ་ཀུང་སིས་ཉིན་གཅིག་གི་འགྲུལ་པ་སྐྱེལ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། མིག་སྔར་ཟི་ལིང་ནས་རྒྱལ་ཡོངས་ས་གནས་ཁག་ཏུ་བསྐྱོད་པའི་འགྲུལ་སྐྱེལ་མེ་འཁོར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་28ལ་ཐད་ཀར་འབྱོར་ནས་ཤར་གཏོང་ཐུབ་ཚད་90.3%ཟིན་ཡོད།