ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཚེ་རིང་དགྲ་འདུལ་ལ་རྟེན་འབྲེལ་ཞུ།

སྤེལ་དུས 2025-01-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཚེ་རིང་དགྲ་འདུལ་གྱིས2024ལོ་ནས2025ལོའི་བར་གྱི་ཧྥིན་ལན་ན་གཞོན་རི་ཀླུང་གངས་ཤུད་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ།

            2024ལོ་ནས2025ལོའི་བར་གྱི་ཧྥིན་ལན་ན་གཞོན་རི་ཀླུང་གངས་ཤུད་ལེགས་སྐྱེས་འགྲན་བསྡུར(རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐར་གསོག)དེ2025ལོའི་ཟླ་དང་པོའི་ཚེས17ནས18ཉིན་བར་ཧྥིན་ལན་ལྷོ་རྒྱུད་ཀྱི་ཧའེ་མོན་ལི་ན་རུ་འཚོགས་ཤིང་། འགྲན་བསྡུར་ནང་དུ་སྐྱེས་པ་དང་བུད་མེད་ཀྱི་སྲོལ་རྒྱུན་ཐག་ཐུང1.4kmདང་། རང་མོས10km སྙུང་ཟུང་འགྲན་བསྡུར་བཅས་རྣམ་གྲངས་གསུམ་བཀོད་སྒྲིག་བྱས་ཡོད་ལ། ཧྥིན་ལན་དང་། ཨེ་སོ་ཉི་ཡ། ཨོ་སི་ཁྲུ་རི་ཡ། ཀྲུང་གོ་སོགས་རྒྱལ་ཁབ4ནས་ཡོང་བའི་ལུས་རྩལ་པ636འགྲན་བསྡུར་ནང་ལ་ཞུགས་ཡོད། བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་དགྲ་འདུལ་དང་། སྐལ་བཟང་ཆོས་སྒྲོན། འཕྲིན་ལས་ཟླ་བ་བཅས་ཀྱིས་ཀྲུང་གོའི་རུ་ཁག་གི་ཚབ་ཞུས་ནས་སྐྱེས་པ་དང་བུད་མེདU23གྱི་སྲོལ་རྒྱུན་ཐག་ཐུང1.4kmདང་རང་མོས10kmརྣམ་གྲངས་གཉིས་ནང་ཞུགས། 
            ཉིན་གཉིས་ཀྱི་རིང་ལ་འགྲན་རྩོད་དྲག་པོ་བྱས་མཐར། ཚེ་རིང་དགྲ་འདུལ་ལ་སྐྱེས་པའིU23ཚོགས་ཆུང་གི་སྲོལ་རྒྱུན་ཐག་ཐུང1.4kmཡི་ཨང་དང་པོ་དང་། སྐྱེས་པའི་སྲོལ་རྒྱུན་ཐག་ཐུང1.4kmཡི་ཐོབ་ཐང་འགྲན་བསྡུར་གྱི་ཨང་བདུན་པ་ཐོབ།