ཉིན7བསྟུད་མར། རྫོང་རྒྱབ་ཀླུ་ཁང་དུ་་་
སྤེལ་དུས 2025-01-26
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་ལྷ་སར་འཛུགས་པའི་གོ་སྐབས་དང་བསྟུན་ནས། ལྷ་སའི་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་ཕྱོགས་གང་སར་འོས་སྦྱོར་དང་ཁྲོམ་རའི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད། ཟླ་དང་པོའི་ཚེས22ཉིན། ལྷ་ས་གྲོང་ཁྱེར་གྱི2025ལོའི་དཔྱིད་གསར་བསུ་བའི་ཞིང་ལས་ཐོན་རྫས་འགྲེམས་འཚོང་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་འགོ་ཚུགས་པ་རེད།
འགྲེམས་འཚོང་བྱེད་སྒོ་དེ་ཟླ་དང་པོའི་ཚེས22ཉིན་ནས་འགོ་ཚུགས་པ་དང་དུས་ཡུན་ཉིན7ཡིན་ཞིང་། ཉིན་ལྟར་གྱི་ཆུ་ཚོད10:00ནས19:00བར་ཚོང་སྟོན་གྱི་ཡོད་པ་དང་། འགྲེམས་འཚོང་བྱ་ཡུལ་དུ་རྩམ་པ་དང་། མར། ཤ་སྐམ་པོ། དེ་བཞིན་ཆང་དང་ནས་ཀྱི་ཐོན་རྫས་སོགས་ཡུལ་ཟོག་འདྲ་མིན་སྣ་ཚོགས་འཚོང་བཞིན་འདུག