ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དིང་རིའི་ས་ཡོམ་རྒྱག་ཁུལ་གྱི་སློབ་མ་ཚོ་སློབ་གྲྭར་འགྲོ་བའི་ཐད་་་

སྤེལ་དུས 2025-02-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
     ཉེ་ཆར།  གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར།  དིང་རིའི་ས་ཡོམ་རིམ་པ6.8ཀྱི་གནོད་འཚེ་ཕོག་ཁུལ་གྱི་སློབ་གྲྭ2025ལོའི་དཔྱིད་དུས་ཀྱི་སློབ་འགོ་དུས་རྒྱུན་ལྟར་འཛུགས་ཐུབ་པའི་ཆེད་དུ།  དིང་རི་རྫོང་གིས་གེགས་ཁུལ་སློབ་གྲྭའི་བཀོད་སྒྲིག་བྱ་ཐབས་མགྱོགས་པོ་བཟོས་ཏེ་ལག་ལེན་བསྟར་བ་དང་།  མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
     ས་ཡོམ་བརྒྱབ་རྗེས།  དིང་རི་རྫོང་སློབ་གསོ་ཅུས་ཀྱིས་མགྱོགས་མྱུར་སྡོད་ཁང་འཛུགས་སྐྲུན་དང་འཕྲལ་སྡོམ་སོགས་སྡེ་ཚན་དང་མཉམ་དུ།  གེགས་ཁུལ་གྱི་སློབ་ཆུང3དང་བུ་བཅོལ་ཁང10ཡི་སློབ་གྲྭའི་ཉལ་ཁང་གི་བདེ་འཇགས་གནས་ཚུལ་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་ཤིང་།  དཔྱད་དཔོག་བྱས་འབྲས་གཞིར་བཟུང་།  བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྡན་པའི་སློབ་ཆུང3ལ“ཁ་འགྲེམས་བཀོད་སྒྲིག་དང་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བའི”བྱ་ཐབས་ཐོག་ནས། སློབ་མ1400ལྷག་ཙམ་རྫོང་གྲོང་དུ་སློབ་གྲྭར་འགྲོ་བའི་བཀོད་སྒྲིག་འོས་འཚམ་བྱ་རྒྱ།
     ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔར།  དིང་རི་རྫོང་གིས་སློབ་ཁང36བཀོད་སྒྲིག་བྱས་པ་དང་།  སློབ་མའི་སྟབས་བདེའི་ཉལ་ཁང125བརྒྱབ་པ།  སློབ་མའི་ཟ་ཁང3དང་དགེ་བཟོ་བའི་ཉལ་ཁང58འཆར་འགོད་བྱས་ནས།  དཔྱིད་དུས་ཀྱི་སློབ་འགོ་འཛུགས་པར་གྲ་སྒྲིག་གང་ལེགས་བྱས་ཡོད།