“ལོ་ལྔ་ཚན་བཅུ་གཅིག་པའི”རིང་ལ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་འོག་ཏུ། བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱིས་“ཡུལ་སྐོར་ལས་རིགས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཡིན་པ་དང་། ཡུལ་སྐོར་ལས་རིགས་དམ་འཛིན་བྱེད་པ་ནི་བརྟན་བརླིང་དམ་འཛིན་བྱེད་པ་ཡིན་ལ། ཡུལ་སྐོར་ལས་རིགས་དམ་འཛིན་བྱེད་པ་ནི་འཆམ་མཐུན་དམ་འཛིན་བྱེད་པ་ཡིན་པ”བཅས་ཀྱི་དགོངས་དོན་གཞིར་བཟུང་སྟེ། གོ་སྐབས་དམ་འཛིན་དང་། གསར་སྤེལ་བརྩོན་ལེན་ཅི་ཐུབ་བྱས་པས། ཡུལ་སྐོར་ལས་རིགས་སྔོན་ལ་མཆོང་བསྐྱོད་ལྟར་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱུང་བ་དང་། ས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཉིད་ལེགས་ཤིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་ཐེབས་ཤིང་། ས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐབས་སྒྱུར་བར་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཏང་ཙུའུ་ཧྲུའུ་ཅི་ཡུས་དབྱུང་ཀའེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། ལོ་ལྔ་ཚན་བཅུ་གཅིག་པའི་རིང་ལ། ས་ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི་༢༠༨༨ལ་སྣེ་ལེན་བྱས་ཡོད་པ་དང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་༢༥.༥འཕར་སྣོན་བྱུང་ཞིང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་༢༢༡.༨མངོན་འགྱུར་བྱུང་ཡོད་པ་དང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་༢༨.༢འཕར་སྣོན་བྱུང་ཡོད། ༢༠༡༠ལོར་ཚོད་རྩིས་བྱས་པ་ལྟར་ན་ཡུལ་སྐོར་བ་ཁྲི་༦༨༢ལ་སྣེ་ལེན་བྱས་པ་དང་། སྒོར་དུང་ཕྱུར་༦༩.༣མངོན་འགྱུར་བྱུང་ཡོད་པ་དེ། སོ་སོར༢༠༠༥ལོའི་ལྡབ་༣.༨དང་ལྡབ༣.༦ཡིན་ནོ།།