|
ཀྲུང་གོ་བོད་ལྗོངས་དྲ་བའི་གསར་འགྱུར། ཚེས་9ཉིན་“སྣང་བ་སེམས་ལས་གྲུབ།”ཞེས་པའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲའི་འགྲེམས་སྟོན་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས། འགྲེམས་སྟོན་ཐོག་ཤ་བོ་ཚེ་རིང་དང་དགེ་འདུན་དར་རྒྱས་ཕ་བུ་ལྷ་རིས་པ་མི་རབས་གཉིས་ཀྱིས་བཞེངས་འབྲི་གནང་བའི་ཐང་གའི་བརྩམས་ཆོས་བརྒྱ་ལྷག་བཀྲམས་སྟོན་གནང་ཡོད།
![]() ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཐུན་མོང་མ་ཡིན་པའི་རི་མོའི་རྣམ་པ་ཞིག་ཡིན། ནང་དོན་འབོར་ཆེ་བ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་བརྗོད་བྱ་གཙོ་བོར་བྱས་ཏེ་རང་རྒྱལ་གྱི་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག་སོགས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ།
![]() ཤ་བོ་ཚེ་རིང་ལགས་ཀྱིས་དུས་རབས་20པའི་ལོ་རབས་40པར་བྲིས་པའི་ཐང་གའི་མ་ཟིན་གྱི་ཐིག་རྩ།
![]() དགེ་འདུན་དར་རྒྱས་ཀྱི་ཐང་གའི་བརྩམས་ཆོས་《སྒྲོལ་དཀར།》(ཆ་ཤས།)
![]() དགེ་འདུན་དར་རྒྱས་ཀྱི་ཐང་གའི་བརྩམས་ཆོས་《ཕྱག་སྟོང་སྤྱན་སྟོང་།》
![]() དགེ་འདུན་དར་རྒྱས་ཀྱི་ཐང་གའི་བརྩམས་ཆོས་《རིགས་གསུམ་མགོན་པོ།》
![]() དགེ་འདུན་དར་རྒྱས་ཀྱི་ཐང་གའི་བརྩམས་ཆོས་《རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར།》
ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་ཐང་གའི་འགྲེམས་སྟོན་ཐེངས་5བྱས། འོན་ཀྱང་ཕ་བུ་མི་རབས་གཉིས་ཀྱིས་བརྩམས་ཆོས་མཉམ་གཅིག་ཏུ་འགྲེམས་སྟོན་བྱས་པ་ནི་ཐེངས་དང་པོ་ཡིན།
![]() ཐང་གའི་ཚོན་རྒྱུ་ནི་གཏེར་རྡོ་སྣ་ཚོགས་འཐག་ནས་གྲུབ་པ་ཡིན།
![]() ཐང་ག་འབྲི་བྱེད་ཀྱི་རྡོ་ཚོན་དང་སྨྱུ་གུ་ཡོ་ཆས་སོགས།
![]() ཡུལ་དངོས་སུ་བཀྲམས་སྟོན་བྱས་པའི་ཐང་གའི་མ་ཟིན་གྱི་ཐིག་རྩ།
![]() ལྟད་མོ་བས་དྲན་རྟེན་པར་རྒྱག་བཞིན་པ།
གཞི་ཁྱོན་ཆེན་པོ་དང་ཚད་གཞི་མཐོ་བའི་ཐང་གའི་འགྲེམས་སྟོན་གྱིས་ཐང་ག་དང་མང་ཚོགས་ཕལ་བའི་བར་ཐག་ཉེ་བར་བཏང་། འགྲེམས་སྟོན་ཡུལ་དངོས་སུ་ལྟད་མོ་བ་རྒན་པ་དང་ན་ཆུང་བ་ཚང་མས་ཞིབ་མོ་བལྟ་བཞིན་ཡོད། ལྟད་མོ་བ་རྣམས་ཀྱིས་ཐིག་རིས་འཁྱུག་པོ་དང་བཟོ་བཀོད་མཛེས་པའི་ཐང་ག་ལ་སྤྲོ་སྣང་ཆེན་པོ་བྱེད།
![]() ལྟད་མོ་བས་དྲན་རྟེན་པར་རྒྱག་བཞིན་པ།
![]() ལྟད་མོ་བ་ཆུང་ཆུང་གིས་གཟབ་ནན་གྱིས་རང་གི་ཕྱག་བྲིས་བཞག
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་དེ་ཚེས་19ཉིན་མཇུག་འགྲིལ་རྒྱུ་རེད།
|