ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ།

སྤེལ་དུས 2017-12-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཉི་ཆོས།
          ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་། རྒྱ་སྐྱེད། དོན་འཁྱོལ་བཅས་བྱས་ནས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་གཅུས་གཟེར་དམ་དུ་གཏོང་བ་དང་། རིམ་པ་བཞིན་གནོན་ཤུགས་སྦྱིན་པ། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏོང་བ་བཅས་བྱ་ཆེད། ཉེ་དུས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དཔེ་མཚོན་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ་གཤམ་གསལ། 
          ཉིང་ཁྲི་ས་ཁུལ་འབྲུ་རིགས་ཅུས་ཀྱིས་དེ་སྔ་སྒྲིག་འགལ་ངང་འཚོ་ཕན་བདེའི་དངུལ་སྤྲད་པ་སོགས་ཀྱི་གནད་དོན་ཏེ། 2013ལོའི་ཟླ་བ་དང་པོ་ནས་2014ལོའི་ཟླ་གཉིས་པ་བར། ཉིང་ཁྲི་ས་ཁུལ་འབྲུ་རིགས་ཅུས་ཀྱིས་དེ་སྔ་དུས་ཆེན་རིང་ཕན་བདེའི་དངུལ་སྒོར་ཁྲི་19.3སྤྲད་པ་དང་2014ལོའི་ཟླ་བ་བརྒྱད་པར“སྦས་ཁུང་ཆུང་ངུ”ནས་སྒོར་ཁྲི་8.1སྤྱད་དེ་ལས་བྱེད་ལས་བཟོར་ཕྱི་ལུགས་པའི་གྱོན་ཆས་བཟོས་པ་མ་ཟད། ཚན་པ་དེར་ད་དུང་སྒྲིག་འགལ་གྱི་དོན་གཞན་ལྷག་ཡོད་པ་རེད། 2017ལོའི་ཟླ་བ་བདུན་པར། 
          ཉིང་ཁྲི་ས་ཁུལ་འབྲུ་རིགས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཝང་གོ་ལིན་དང་ཅུས་ཀྲང་གཞོན་པ་རྡོ་རྗེར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་། དངུལ་གཉེར་པ་ཏེང་ཤུན་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ། ད་དུང་སྒྲིག་འགལ་གྱི་དངུལ་ཚང་མ་བསྡུས་པ་རེད། 
          ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དར་རྒྱས་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་དེ་སྔའི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཚེ་རིང་བཀྲ་ཤིས་ཀྱིས་སྒྲིག་འགལ་ངང་གཞུང་འཁོར་སྒེར་སྤྱོད་བྱས་པའི་གནད་དོན། 2015ལོའི་ཟླ་5པར། ཚེ་རིང་བཀྲ་ཤིས་ཀྱིས་རང་དགར་དར་རྒྱས་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་གཞུང་འཁོར་ནང་ནང་མི་བླུགས་ནས་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་དུ་བསྐྱོད་པ་དང་ཕྱིར་ལོག་པའི་ལམ་བར་དུ་རླངས་འཁོར་མགོ་རྟིང་ལོག་ནས་རང་ཉིད་ལ་རྨས་སྐྱོན་ཕོག་པ་མ་ཟད། རླངས་འཁོར་ལའང་སྐྱོན་ཆག་ཆེན་པོ་ཤོར་བ་རེད། 2017ལོའི་ཟླ་3པར་ཚེ་རིང་བཀྲ་ཤིས་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད། 
          བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་དེ་སྔའི་ཚོགས་གཙོ་གཞོན་པ་ཀའོ་དབྱིང་གིས་སྒྲིག་འགལ་ངང་རང་ཉིད་ཀྱི་ཕྲུ་གུར་སློབ་ཐོན་དགའ་སྐྱེལ་གཏོང་བའི་གནད་དོན། 2015ལོའི་ཟླ་8པར། ཀའོ་དབྱིང་གིས་ལྷ་ས་གྲོང་ཁྱེར་ཤར་འདབས་ལྡུམ་རར་དུས་ཡུན་ཉིན་2སྤྱད་དེ་རང་ཉིད་ཀྱི་བུ་སློབ་རིམ་འཕར་བར་དགའ་སྐྱེལ་བཏང་བ་དང་ཆབས་ཅིག དགའ་ཉེ་སྤུན་མཆེད་119མོས་ནས་འབུལ་རྟེན་སྒོར་ཁྲི་3.36བླངས་པའི་ནང་གཤམ་འོག་གི་ལས་མིའི་ས་ནས་འབུལ་རྟེན་སྒོར་ཁྲི་1.1བླངས་ཡོད། 2017ལོའི་ཟླ་བ་6པར་ཀའོ་དབྱིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་མ་ཟད། སྒྲིག་འགལ་དངུལ་རྣམས་གཞུང་བཞེས་བཏང་བ་རེད། 
          བརྡ་ཁྱབ་ནང་བླང་བྱ་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བྱེད་པོའི་འགན་འཁྲི་ནན་པོ་འཁུར་བ་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》གྱི་དགོངས་དོན་ངོ་བོར་གོ་བ་གཏིང་ཟབ་བླངས་ནས་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་། རྒྱ་སྐྱེད། དོན་འཁྱོལ་བཅས་བྱས་ཏེ། ཏང་སྲོལ་སྲིད་སྲོལ་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། སྒྲིག་ཁྲིམས་སློབ་གསོ་གཏིང་ཟབ་སྤེལ་བ་དང་སྒྲིག་ཁྲིམས་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱེད་པའི“རྣམ་པ་བཞི”བེད་སྤྱོད་གཏིང་ཟབ་བཏང་ནས་དམ་ཞིང་ནན་པའི་སྒྲིག་ཁྲིམས་ཀྱིས་ཏང་ཡོན་ལས་བྱེད་པས་གུས་སྐྲག་ཤེས་པ་དང་། དོགས་ཟོན་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བ་གཙོ་བོས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྤྱོད་གཙང་སྒྲིག་ནན་གྱི་འགོ་འཁྲིད་དེ་འགོ་ཁྲིད་ཀྱིས་མང་ཚོགས་སྣེ་འཁྲིད་པ་དང་། དམ་འཛིན་དང་དོ་དམ་ནན་པོ་བྱེད་པ། རིམ་པ་བཞིན་གནོན་ཤུགས་སྤྲོད་པ། རིམ་པ་ལྟར་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས། 
          བརྡ་ཁྱབ་ནང་ནན་བཤད་བྱས་དོན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་མུ་མཐུད་གནོན་ཤུགས་སྤྲད་ནས། “སྤྱོད་ཚུལ་བཞི”ཡོ་བསྲང་བྱ་རྒྱུའི་ལས་དོན་གཏིང་ཟབ་ཕྱོགས་སུ་དམ་འཛིན་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་། སྒྲིག་ཁྲིམས་ལག་བསྟར་བྱ་རྒྱུར་ལྟ་སྐུལ་ནན་པོ་བྱས་ཏེ་མངོན་གསལ་མེད་པ་དང་ངོ་བོ་འགྱུར་བའི་འགུལ་ཚུལ་གསར་པར་དོ་སྣང་ཟབ་མོ་བྱས་ནས་སྡུག་ཚོད་མི་ཟིན་པ་དང་ཞེ་ཁྲེལ་མི་ཤེས་པ་གཅིག་ཤེས་རྟོགས་ཐུབ་འཕྲལ་དེ་མ་ཉིད་དུ་ཐག་གཅོད་བྱེད་པ་དང་འབྲེལ། མིང་ངོ་མ་བཀོད་ནས་དམར་རྗེན་དུ་བཏོན་ཏེ་ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་ནན་པོ་རྒྱུན་འཁྱོངས་བྱེད་དགོས་པ། འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ“སྤྱོད་ཚུལ་བཞིའི”གནད་དོན་ཐོན་མང་བ་དང་ཐོན་མང་སར་ཐད་ཀའི་འགན་འཁྲི་བའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་མ་ཟད། ད་དུང་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་བཅས་ལའང་བདའ་འདེད་ནན་པོ་བཏང་ནས་ལག་བསྟར་ཇི་ཙམ་བྱས་ཀྱང་སྒྲིག་ཁྲིམས་དེ་ཙམ་གྱིས་ནན་པའི་དམ་བསྒྲགས་ཀྱི་བརྡ་རྟགས་རྒྱུན་ཆད་མེད་པར་མཚོན་པར་བྱེད་དགོས།