ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སྨར་ཁམས་ཐུག་པ།

སྤེལ་དུས 2018-01-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
554d3f87t8d9a277ee320&690.jpg
            སྨར་ཁམས་ནི་བོད་དུ་སྐྱོད་རྗེས་ཀྱི་རང་སྐྱོང་རྫོང་དང་པོ་རེད། བཤད་རྒྱུན་ལྟར་ན།  སྨར་ཁམས་དུ་འགྲོ་མཁན་ཡོད་དོ་ཅོག་གིས་སྨར་ཁམས་ཐུག་པ་ཕོ་བ་རྒྱགས་ཚད་ཅིག་ཟས་པ་ཡིན་ན།  ད་གཟོད་སྨར་ཁམས་ལ་ཕྱིན་པར་ངོས་འཛིན་གྱི་ཡོད་ལ།  སྨར་ཁམས་དུ་འབྱོར་རྗེས་ཡུལ་དེ་གའི་གོམས་སྲོལ་བསྟུན་དགོས་ཀྱི་ཡོད་པ་རེད། སྨར་ཁམས་ཐུག་པར་བཤད་སྲོལ་གཉིས་ཡོད་དེ། གཅིག་ནི་ཐུག་པ་འདི་ནི་ལས་སྣོན་བྱེད་པའི་བརྒྱུད་རིམ་ནང་ལས་ཞོར་ཟ་ཞོར་བྱེད་ཀྱི་ཡོད་ཅིང་། དེ་ནི་ཟ་ཁང་ནང་གི་ཐུག་པ་ནང་བཞིན་དཀར་ཡོལ་གྱི་གྲངས་ཀ་ལྟར་ཁ་གྲངས་ལེན་གྱི་མེད་པར། རང་སོ་སོའི་ཁྱིམ་ཚང་ནང་བཞིན་གང་འདོད་དུ་འཐུང་ཆོག་པ་རེད།  བཤད་སྲོལ་གཞན་ཞིག་ནི། ལས་ཞོར་དང་ཟ་ཞོར་དུ་ཁ་སྣོན་བྱེད་པས་སྣོན་ཐུག་ཅེས་མིང་དེ་ལྟར་བཏགས་པ་རེད། དེའི་ཐུན་མོང་མ་ཡིན་པའི་དྲི་ཞིམ་ནི་ས་གནས་དེ་གའི་པི་ཝང་ཤའི་ཁུ་བར་རགས་ལས་ཡོད་པ་རེད།
            སྨར་ཁམས་ཀྱི་ཁྱད་ཆོས་ཆེན་པོ་འགའ་སྟེ། གཅིག་ནི་སྨར་ཁམས་རྫོང་གི་ཆུ་ཚན་ཁའི་རང་བྱུང་ཆུ་ཚན་དང་དེ་བཞིན་གཟུགས་འཁྲུད་ལུས་གསོ་ཁང་ཡིན། གཉིས་ནི་ཚྭ་ཁ་ཤང་གི་ཟླ་ཆུའི་འགྲམ་གྱི་རང་བྱུང་ཚྭ་ཞིང་གི་ཚྭ་རིགས་དམར་པོ་དང་དཀར་པོ་ཡིན། གསུམ་ནི་སྨར་ཁམས་རྫོང་དུ་སྐད་གྲགས་ཆེ་བའི“ ཁྱིམ་ཚང་ཐུག་པ” བཅས་རེད། ཤེས་རྟོགས་བྱུང་བ་བརྒྱུད། པི་ཝང་ཤ་ཟེར་བ་ནི་ཡུན་ནན་ནུབ་ཕྱོགས་དང་། བོད་ཤར་རྒྱུད་ཀྱི་བོད་རིགས་ཀྱིས་ཕག་ཤར་ལས་སྣོན་བྱེད་ཐབས་ཁྱད་པར་ཅན་ཞིག་ཡིན་ལ། ཞིབ་ཕྲའི་བྱ་ཐབས་ནི་ཕག་བཤས་རྗེས་ནང་ཁྲོལ་བླངས་ཤིང་རུས་པ་བཏོན་པ་དང་། ཁྲག་བླངས་ནས་གཡེར་མ་དང་སུར་པན། ཚྭ།  ཀ་ཀོ་ལ་བཅས་བྲོ་རྫས་དཀྲུགས་ནས་ཕྱི་ལ་བྱུགས་པ་དང་། ཤ་ཁོག་ཧྲིལ་པོ་འཚེམ་སྦྱོར་བའམ་ཡང་ན་སྲ་མོར་སྡོམ་པ་དང་། དེ་ནས་སླར་ཡང་རྡོ་ལེབ་མོས་མནན་ཏེ་བསྙལ་བ་དང་། གྲིབ་བསིལ་འོག་བཀལ་ནས་བསིལ་སྐམ་བྱེད་ཅིང་། དེའི་དབྱིབས་ནི་པི་ཝང་དང་འདྲ་བས་ན་པི་ཝང་ཤ་ཞེས་བཏགས་པ་རེད། 《ཡུན་ནན་ལྷོ་རྒྱུད་གྱི་གཏམ་གསར》 དུ“ སྲབ་མོ་རྡོ་ཤེལ་དང་འདྲ་ལ། དབྱིབས་ནི་པི་ཝང་དང་འདྲ”ཞེས་ཟེར།  པི་ཝང་ཤ་བསྙལ་བཟོ་རྩལ་ལ་ལོ་ངོ་སྟོང་ཕྲག་དུ་མའི་སྲོལ་རྒྱུན་ལྡན་ལ།  བཟོས་རྗེས་དུས་ཐོག་ཏུ་ཟས་ཆོག་ལ།  ལོ་ངོ་གཅིག་གཉིས་ཙམ་ལ་འཕྲོ་བརླག་ཡོང་མི་སྲིད། དེ་མ་ཟད་བྲོ་བ་ཞིམ་ཞིང་གསར་བ་གསར་རྐྱང་ཡིན་ལ། ཐུན་མོང་མ་ཡིན་པའི་བྲོ་བ་ལྡན་པ། དེ་ནི་བོད་ཁྱིམ་དུ་མགྲོན་པོར་སྣེ་ལེན་བྱེད་པའི་ཟས་མཆོག་ཅིག་ཡིན། 
QQ截图20180112180757.jpg
            པི་ཝང་ཤ་བཙོས་ནས་བསྐོལ་བའི་ཁུ་བ་་ནི་ཇི་མ་ཇི་བཞིན་ཡིན་ལ། ཐུག་པ་ཚོས་ཐག་ཆོད་པ་དེ་དཀར་ཡོལ་དུ་བླུགས་ནས།  ཚྭ་སྦྱངས་ཁུ་བས་ཐེངས་གཉིས་ལ་གཤར་པ་དང་དེ་ནས་ཙོང་དང་བྲོ་རྫས་སོགས་སྨན་སྣ་བཏབ་ན་ད་གཟོད“ ཁྱིམ་ཚང་ཐུག་པ” རྣལ་མ་རེད།  ཐུག་པ་དཀར་ཡལ་གང་ནི་ནམ་རྒྱུན་གྱི་སུམ་ཆ་གཅིག་དང་འདྲ་ལ། མགྲོན་པོས་ཟས་མ་ཚར་པར་ཡང་བསྐྱར་ཁར་དཀར་ཡོལ་གང་སྣོན་གྱི་ཡོད་ཅིང་། སྤྱིར་བཏང་དཀར་ཡོལ་བརྒྱད་ནས་བཅུ་འཐུང་ན་ད་གཟོད་ཕོ་བ་རྒྱགས་ཐུབ།  ཕལ་ཆེར་ཐུག་པ་ཉུང་ཞིང་ཚྭ་སྦྱངས་ཁུ་བས་སྦངས་བས་ན་བྲོ་བ་ཞིམ་པོ་གཞི་ནས་དེ་བས་མངོན་གསལ་ཡིན་ཞིང་།  ལམ་བརྒྱུད་མགྲོན་པོ་དག་གིས་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད།