ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

“ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ལས་དུས་རབས་གསར་པའི་བོད་ལྗོངས་གསར་པར་བལྟ་བ”ཞེས་པའི་བཞུགས་མོལ་བྱེད་སྒོ་བལ་བོ་ནས་སྤེལ།

སྤེལ་དུས 2018-01-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

          འདི་ག་དྲ་བར་གནས་ཚུལ་འབྱོར་གསལ། ཉེ་ཆར“ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ལས་དུས་རབས་གསར་པའི་བོད་ལྗོངས་གསར་པར་བལྟ་བ་དང་ཀྲུང་གོའི་བོད་ལྗོངས་དང་བལ་བོའི་རིག་གནས་སྤེལ་རེས”བཞུགས་མོལ་བྱེད་སྒོ་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུར་འཚོགས་པ་རེད།
          བྱེད་སྒོ་དེ་ནི་བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་བལ་བོའི་ཀྲུང་གོའི་བོད་ལྗོངས་དཔེ་ཚོང་ཁང་དང་བལ་བོའི་ཐན་ལིས་དཔེ་སྐྲུན་རིག་གནས་ཀུང་སི་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པ་ཞིག་ཡིན་ཏེ། བལ་བོར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བལ་བོ་སྲིད་གཞུང་གི་དཔོན་རིགས། མཁས་དབང་གྲགས་ཅན། མཛའ་མཐུན་ཚོགས་པའི་འགན་འཁུར་བ།  ནང་བསྟན་ཆོས་ལུགས་ལས་རིགས་མི་སྣ། སྨྱན་སྦྱོར་གསར་འགོད་པ།  བལ་བོར་སྡོད་པའི་བོད་རིགས་སྤུན་ཟླའི་འཐུས་མི་དང་དེ་བཞིན་ས་གནས་དེ་གའི་སློབ་མ་སོགས་མི་100 ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
          བྱེད་སྒོའི་ཁྲོད།  བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ཚོགས་ཞུགས་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གཞི་རྩའི་གནས་ཚུལ་དང་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་གྲུབ་འབྲས། ཀྲུང་གོའི་བོད་ལྗོངས་དང་བལ་བོའི་མཛའ་མཐུན་འགྲོ་འོང་སྤེལ་རེས་སོགས་གནས་ཚུལ་ངོ་སྤྲོད་གནང་པ་དང་། བལ་བོའི་ལས་རིགས་ཁག་གི་མི་སྣས།  ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གྲོས་ཚོགས་ལམ་ལྷོང་བྱུང་བ་དང་། ཀྲུང་གོ་འདི་ཉིད་དུས་རབས་གསར་པར་བསྐྱོད་པ་དེས་བལ་བོ་དང་ཀྲུང་གོ   ཀྲུང་གོའི་བོད་ལྗོངས་ཀྱི་འབྲེལ་ལམ་ལ་སྔར་བས་ཤུགས་སྣོན་རྒྱག་པར་སྔར་བྱུང་མྱོང་མེད་པའི་གོ་སྐབས་འདོན་སྤྲོད་གནང་ཡོད་འདུག་ཅེས་བསྟན་བྱུང་།
          བལ་བོའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ལས་ཚབ་ཀྲུའུ་ཞི་སུའུ་ཏ་ཨར་གྱིས། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་པ་དང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་ཡང་བསྐྱོད་ཐུབ་ཡོད་པ། སྔོན་ཆད་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་ནི་གལ་འགངས་ཤིན་ཏུ་ཆེ་ལ། ཀྲུང་གོ་མུ་མཐུད་མདུན་སྐྱོད་བྱེད་པར་ཕན་པ་མ་ཟད། རྒྱལ་ཁབ་གཞན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པར་ཡང་ཕན་པ་ལྡན་ཞེས་བརྗོད་བྱུང་།
བལ་བོའི་ཀྲུང་གོའི་སྤྱི་ཚོགས་འབྲེལ་བ་སློབ་གླིང་གི་གླིང་གཙོ་ལི་གེ་ཨར་གྱིས། ཀྲུང་གོའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྲུབ་པར་ཤུགས་རྒྱག་བཞིན་ཡོད་པ་དང་། དེའི་གཞི་འཛིན་ས་ནི་འཛམ་གླིང་ཧྲིལ་པོ་འཕེལ་རྒྱས་སྔར་ལས་ལེགས་པོ་ཡོང་ཆེད་རེད།  བལ་བོས་དེ་སྔར་ཀྲུང་གོའི་སྐྱིད་གྲོང་ནས་བལ་བོའི་ཀ་ཏ་མན་རྡུ་དང་། པོ་ཁ་ལ། ལུམ་བིའི་ཚལ་དུ་ལྕགས་ལམ་སྦྲེལ་བའི་བསམ་ཕྱོགས་བཏོན་མྱོང་ཞིང་། བསམ་ཕྱོགས་དེའི་དམིགས་ཡུལ་ཡང་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་དང་སྦྲེལ་མཐུད་ཡོང་རྒྱུ་དེ་ཡིན་ལ།  བལ་བོའི་འཕེལ་རྒྱས་ནི་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་རང་བཞིན་ཤིན་ཏུ་ཆེན་པོ་ལྡན་པས། འབྱུང་འགྱུར་མཉམ་ལས་སྔར་བས་མང་པོ་ཡོད་པ་ནི་མངོན་གསུམ་མཐོང་སྣང་རེད་ཅེས་བསྟན་འདུག
          བལ་བོ་དང་ཀྲུང་གོའི་རིག་གནས་དང་དཔལ་འབྱོར་གྱི་གསར་འགོད་པ། ཤེས་ཡོན་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕུ་ལ་ཏན་གྱིས།  ཀྲུང་གོའི“རྒྱུད་གཅིག་ལམ་གཅིག” གི་གྲོས་འགོ་ནི་བལ་བོའི་ངོས་ནས་བརྗོད་ན་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་ལྡན་ཞིང་། ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་ཀྱིས་ཡང་དག་པའི་སྒོ་ནས་ཕྱི་རྒྱལ་གྱི་མ་དངུལ བེད་སྤྱོད་བྱས་པ་དང་། དེ་བཞིན་ང་ཚོས་ཀྱང་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་གང་ལེགས་གནང་ཆོག་པ་རེད་ཅེས་བསྟན་བྱུང་།
          བོད་རིགས་སྤུན་ཟླ་སྟེ་དགེ་འདུན་པ་དཀོན་མཆོག་རྒྱ་མཚོས། རང་ཉིད་ཀྱི་འཚར་ལོངས་ལམ་བུ་ནི་དེ་འདྲའི་སླ་མོ་ཞིག་མིན་ཏེ། རང་ཉིད་ཀྱི་གཞིས་ཆགས་སའི་བལ་བོའི་ནུབ་བྱང་རྒྱུད་ཀྱི་བོད་རིགས་སྤུན་ཟླ་འདུས་སྡོད་ཀྱི་ས་ཁུལ་ནི་ཅུང་རྗེས་ལུས་ཡིན་པས། ས་ཁུལ་དེའི་མང་ཚོགས་ལ་དོ་ཁུར་དང་རོགས་རམ་དེ་བས་མང་བ་ཐོབ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་བྱུང་། ཉིན་དེར་ཚོགས་ཞུགས་སྐུ་མགྲོན་དང་དེ་བཞིན་སློབ་མའི་ཚོགས་ཀྱིས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དཔེ་དེབ་པར་རིས་འགྲེམས་སྟོན་ལའང་གཟིགས་སྐོར་གནང་ཡོད་འདུག