ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རང་རྒྱལ་གྱིས2020ལོའི་བར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་གསལ་འབེབས་བྱས་པ།

སྤེལ་དུས 2018-01-18 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          ཟླ1པོའི་ཚེས17ཉིན།   རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་དྲ་ཚུགས་ལས་ཚེས17ཉིན《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》སྤྱི་བསྒྲགས་བྱས་ཏེ2020ལོའི་བར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་གསལ་འབེབས་བྱས།
          གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ས་ཚུགས་ནི་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ས་ཚུགས་ཡིན།   འཆར་འགོད་ལས་གསལ་བོར་བསྟན་པ་ལྟར་ན།    2020ལོའི་བར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཏེ་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་གཞི་ཁྱོན་ཡོངས་ནས་འཛུགས་རྒྱུ་རེད།    ལྗང་མདོག་འཕེལ་རྒྱས་བྱེད་ཐབས་གཙོར་བཟུང་སྟེ་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དཔེ་སྟོན་ཁུལ་དང་མཉམ་སྐྲུན་མཉམ་རོལ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་ཐོན་ཁུལ།  མཚོ་བོད་མཐོ་སྒང་རང་བྱུང་ཆེན་མོ་སྲུང་སྐྱོབ་འགྲེམས་སྟོན་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ་བཅས་གཞི་རྩའི་ཆ་ནས་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ་རེད།    
         འཆར་འགོད་ལས་བསྟན་དོན།    དུས་དཀྱིལ་དམིགས་འབེན་ནི2025ཡིན་ལ་སྲུང་སྐྱོབ་དང་དོ་དམ་སྒྲིག་གཞིའི་མ་ལག་མུ་མཐུད་དུ་འཐུས་ཚང་དང་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་སྟངས་ཁྱོན་ཡོངས་ནས་ཆགས་སུ་བཅུག་ནས།   རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ།  རྩྭ་སའི་སྐྱེ་ཁམས་མ་ལག་ཅུང་ལེགས་སྒོ་ནས་འཁོར་རྒྱུགས་བྱེད་དུ་བཅུག་ཏེ་ཐུན་མིན་ཁྱད་ལྡན་གྱི་རྒྱལ་ཁབ་སྤྱི་གླིང་ཞབས་ཞུ་དང་དོ་དམ།   ཚན་ཞིབ་མ་ལག་གྲུབ་ཏུ་བཅུག་ནས་སྐྱེ་ཁམས་རིག་གནས་དར་རྒྱས་གོང་སྤེལ་དུ་གཏོང་དགོས་ཟེར། དུས་ཡུན་རིང་བའི་དམིགས་འབེན་ནི2035ཡིན།    སྐབས་གསར་བའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མི་དཔེ་དང་སྒྲིག་གཞིའི་མ་ལག་གསར་སྐྲུན་གྱི་མིག་དཔེ།   རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་མིག་དཔེ་རུ་འགྱུར་དུ་བཅུག་ནས་དེང་རབས་ཅན་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལེགས་འགྲུབ་བྱེད་དགོས་ཟེར།  
          གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་ན་སྒྲིག་གཞིའི་མ་ལག་གསར་སྐྲུན་བྱེད་པར་ཕན་ལ།  སྐྱེ་ཁམས་སྲུང་སྐྱོབ་ཆེས་གཟབ་ནན་གྱིས་ལག་བསྟར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་སྲ་བརྟན་དུ་གཏོང་བར་ཕན་པ།   ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་ཁྱོན་ཡོངས་འཕེལ་རྒྱས་དང་ཐོན་ཁོངས་ཁོར་ཡུག་ཐེག་ནུས་པའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་ཕན་པ་རེད་ཟེར།  
          གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་ཡོད་ལ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཡིན་པས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་གལ་ཆེན་ཞིག་ཡིན།    གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་བརྒྱ་དཔང་གྲུ་བཞི་མ་ཁྲི12.31ཡོད།   འབྲི་སྟོད་དང་ཆུ་དམར་ལེབ།  རྨ་སྟོད། རྫ་སྟོད་རྫོང་བཅས་རྫོང་བཞི་དང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་མངའ་ཁོངས་སུ་ཡོད་ལ། བསྡོམས་པས་ཞང་དང་གྲོང་རྡལ12དང་སྲིད་འཛིན་སྡེ་བ53ཡོད།