ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ལིག་ཉིང་གིས་རྨ་ལྷོ་ཁུལ་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས།

སྤེལ་དུས 2018-03-15 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
             ཟླ3པའི་ཚེས9ཉིན་ནས་ཚེས13ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཏན་འཇགས་སྲུང་སྐྱོབ་བྱ་བའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་ཟླ་གསུམ་པའི་ནང་གི་གཏན་འཇགས་སྲུང་སྐྱོང་བྱ་བ་བཟང་བོར་བསྒྲུབ་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་བསྡུ་བའི་ཐད་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཟེར།
             ལིག་ཉིང་སོགས་ཀྱིས་ཐུན་རིན་རྫོང་དང་ཧུའུ་ཀྲུའུ་རྫོང་། གུང་ཧོ་རྫོང་གི་ཁྲོམ་སྲང་དང་གཞུང་ལམ་སོགས་སུ་ལས་རེས་བྱེད་བཞིན་པའི་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དཔོན་དམག་ལ་འཚམས་འདྲི་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མེ་འཁོར་ས་ཚིགས་ཐང་ཆེན་དང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས། དཀྱིལ་སྙིང་ཐང་ཆེན་སོགས་གནས་གཙོ་བོའི་བདེ་སྐྱོང་ཚོད་འགོག་བྱ་བར་ཞིབ་བཤེར་བྱས། ལིག་ཉིང་གིས་བསྟན་དོན། ད་ལྟ་བསྡུ་བཞིན་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་དང་འབྲེལ་བ་ཡོད་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དཔོན་དམག་གིས་ལས་རྐང་ལ་བློ་དཀར་བ་དང་ལས་གནས་བརྟན་སྲུང་བྱེད་པ། ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་གཅོད་པར་ཤུགས་སྣོན་པ། སྤྱི་བདེ་དང་དྲག་ཆས་ཉེན་རྟོག་གཉིས་ཀྱིས་མཉམ་འབྲེལ་སྒོས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། ཧུར་ཐག་གིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས་ཟེར།
             རྟོག་ཞིབ་མཛུབ་སྟོན་བྱེད་སྐབས། ལིག་ཉིང་སོགས་ཐུན་རིན་རྫོང་རོང་བོ་དགོན་ཆེན་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དགོན་ལུང་དགོན་པ། གུང་ཧོ་རྫོང་དགོན་གསར་དགོན་པ་བཅས་སུ་སོང་ནས། དགོན་སྡེའི་གཏན་འཇགས་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ནས་ཡུལ་དངོས་ཞིབ་བཤེར་བྱས་པ་མ་ཟད། དགོན་པ་རུ་སྡོད་པའི་ལས་བྱེད་པ་དང་དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་། གྲྭ་བཙུན་བཅས་དང་བཞུགས་མོལ་བྱས། ལིག་ཉིང་གིས་བཤད་རྒྱུར། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་དགོན་སྡེ་འཆམ་མཐུན་གཏན་འཇགས་ཡིན་པ་དང་། ཆོས་ལུགས་ཁྱབ་ཁོངས་ཧ་ཅང་གཏན་འཇགས་ཡིན་པས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་། བོད་རྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་ཀྱིས་མཐུན་སྒྲིལ་མཉམ་ལས་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་པ་དང་། བསམ་བློའི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། བོད་རྒྱུད་ནང་བསྟན་དགོན་སྡེའི་རྒྱ་ཆེའི་གྲྭ་བཙུན་ཁྲོད་ཀྱི་ཤུགས་རྐྱེན་དང་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། མཚོ་སྔོན་གྱི་སྤྱི་ཚོགས་ཡོངས་རྒྱུན་མཐུད་ངང་འཆམ་མཐུན་གཏན་འཇགས་ཡོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།
             གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དང་ཅིན་ཨན་སྡོད་ཁུལ། ཀྲུང་གོའི་རྡོ་སྣུམ་སྣུམ་སྣོན་ས་ཚིགས་བཅས་སུ། ལིག་ཉིང་གིས་ཕྱོགས་བསྡུས་བཅོས་སྐྱོང་གཏན་འཇགས་སྲུང་སྐྱོབ་ལྟེ་གནས་དང་། སྡོད་ཁུལ་གྱི་དྲ་མིག་ཅན་གྱི་འཁོར་སྐྱོད་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པ་དང་། སྣུམ་སྣོན་ས་ཚིགས་ཀྱི་བདེ་འཇགས་དོ་དམ་བྱ་བར་ཞིབ་བཤེར་བྱས།