ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱི་འཐུས་མི་ཤ་བོ་སྒྲོལ་མ་དང་ཁོང་ཆིན་ཅུའུ། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་མཚོ་སྔོན་གྱི་ས་གནས་སོ་སོའི་ལུས་རྩལ་ཁང་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

སྤེལ་དུས 2018-03-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
             རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཤ་བོ་སྒྲོལ་མ་དང་ཁོང་ཆིན་ཅུའུ། པད་རྒྱལ་བཀྲ་ཤིས་བཅས་ཀྱིས། མཚོ་སྔོན་གྱི་ས་གནས་སོ་སོའི་ལུས་རྩལ་ཁང་འཛུགས་སྐྲུན་བྱ་བར་མ་དངུལ་འབོར་ཆེན་བཏང་ནས་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།
             གྲོས་གཞིའི་ཁྲོད་བཤད་རྒྱུར། འདས་པའི་ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་བསྡོམས་ཞིང་བའི་ལུས་སྦྱོང་བཟོ་སྐྲུན་སྟོང་ལྔ་དང་སུམ་བརྒྱ་བཅུ་དྲུག་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་དང་སྲིད་འཛིན་སྡེ་བ། གཞིས་ཁུལ། དགོན་སྡེ་བཅས་ཀྱི་ལུས་རྩལ་དང་ལུས་སྦྱོང་ལ་དམིགས་བཙུགས་ནས། མང་ཚོགས་ལ་ཕྱི་རོལ་ནས་ལུས་སྦྱོང་བྱེད་པར་འཚམ་པའི་སྒྲིག་ཆས་འདོན་སྤྲོད་བྱས་ཡོད་ནའང་། ཞིང་ཆེན་ནང་ཁུལ་གྱི་ལུས་རྩལ་ཁང་འཛུགས་སྐྲུན་གྱིས་ས་གནས་མང་ཚོགས་ཀྱི་དགོས་མཁོ་སྔར་ལས་སྐོང་ཐུབ་ཀྱིན་མེད་པ་དང་། ས་གནས་སོ་སོའི་ལུས་རྩལ་ཁང་གིས་མང་ཚོགས་ཀྱིས་ལུས་རྩལ་ཁང་གི་ནང་ནས་ལུས་སྦྱོང་བྱེད་པའི་དགོས་མཁོ་སྐོང་ཐུབ་མེད། མཚོ་སྔོན་གྱི་ས་གནས་མང་ཆེ་བར་མཚོན་ན་དགུན་དུས་རིང་ཞིང་གྲང་ངར་ཆེ་ལ། དབྱང་དབུགས་ཉུང་བའི་མི་རིགས་ས་ས་ཁུལ་ཡིན་པས། ལུས་རྩལ་ཁང་གི་ནང་ནས་ལུས་སྦྱོང་བྱེད་པའི་དགོས་མཁོ་སྔར་ལས་ཆེ་བ་ཡིན།
             གོང་གསལ་གནད་དོན་དེར་དམིགས་ནས། མཚོ་སྔོན་གྱི་འཐུས་མི་གསུམ་གྱིས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་ལུས་རྩལ་ཁང་འཛུགས་སྐྲུན་བྱ་བར་མ་དངུལ་འབོར་ཆེན་བཏང་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་། ལོ་རེར་མཚོ་སྔོན་ནས་རྫོང་རིམ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་འཛུགས་པའི་ལས་གཞི་བརྒྱད་ནས་བཅུ་གཉེར་དགོས་ལ། ཁྱད་པར་དུ་རང་བྱུང་ཁོར་ཡུག་ཞན་ལ་གྲང་ངར་ཆེ་བའི་མཐའ་འཁོབ་ས་ཁུལ་ལ་རྒྱབ་སྐྱོར་བླ་ལྷག་བྱས་ཏེ། ལོ་གསུམ་ནས་ལྔའི་བར་དུ་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་ཀྱིས་ཁེབས་པར་བྱེད་པའི་དམིགས་འབེན་མངོན་དུ་འགྱུར་བར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་སོ་སོར་དམངས་ཕན་གྱི་ཁང་བའི་ནང་ནས་ལུས་སྦྱོང་བསྟེན་ཆོག་པའི་ས་ཆ་འདོན་སྤྲོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ས་བབ་མཐོ་ལ་གྲང་ངར་ཆེ་ཞིང་། མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་དྲག་ཏུ་འཕེལ་བཞིན་པའི་ལུས་སྦྱོང་དགོས་མཁོ་བསྐང་དགོས་པའི་གྲོས་གཞི་བཏོན།