ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

འཐུས་མིས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་འཁོར་སྐྱོད་བཀོལ་སྤྱོད་བྱེད་རྒྱུའི་གྲོས་གཞི་བཏོན།

སྤེལ་དུས 2018-03-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མཁའ་མཚོ་སྐྱིད།
           རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཀྲང་ཡུང་ལིས་དང་མིན་ཧེ། ཨ་ཧྲིན་ཆིན་བཅས་ཀྱིས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་འཁོར་སྐྱོད་བཀོལ་སྤྱོད་བྱེད་རྒྱུའི་གྲོས་གཞི་བཏོན། 
           གྲོས་གཞིའི་ཁྲོད་དུ་བཤད་རྒྱུར། མཚོ་སྔོན་ཚྭ་འདམ་གཞོང་ས་ཁུལ་དུ་ཚྭ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་ལ། རིགས་སྣ་འཛོམས་པ་དང་རྒྱུ་སྤུས་བཟང་བ། གྲུབ་ཚུལ་ལེགས་པ། ཐོན་ལས་འབྲེལ་འདྲིས་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན། ཉེ་བའི་ལོ་འགར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབད་བརྩོན་ལྷོད་མེད་འོག་ཏུ། མཚོ་སྔོན་གྱིས་འཁོར་སྐྱོད་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཚྭ་མཚོའི་ཐོན་ཁུངས་གྲོན་ཆུང་དང་འཁོར་སྐྱོད་བཀོལ་སྤྱོད་བྱེད་པའི་བྱ་བ་ཧུར་ཐག་གིས་བསྒྲུབས་པས། ཅ་ལུད་འདོན་སྤྲོད་ནུས་པ་གཏན་འཇགས་སྒོས་འཕར་བ་དང་། འཁོར་སྐྱོད་ཐོན་ལས་ཀྱི་མུ་ཁྱུད་ཕལ་ཆེར་ཆགས་ཡོད་ལ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་སོང་ཞིང་། ཆ་སྡེབས་རྨང་གཞིའི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་གྱུར་ཡོད།
           ཡིན་ནའང་མཚོ་སྔོན་ནུབ་བྱང་གི་སྐམ་སར་གནས་པ་དང་། ཁོར་ཡུག་གི་ཆ་རྐྱེན་ཞན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྗེས་ལུས་ཡིན་པ་མ་ཟད། མ་དངུལ་གྱིས་མ་འདང་བ་དང་། ཆ་སྡེབས་ཐོན་ཁུངས་ལ་ཚད་ཡོད་པ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཞན་པ། ཐོན་ཁུངས་གསར་སྤེལ་གྱི་དཀའ་ཁག་ཆེ་བ། མཐོ་རིམ་འཇོན་མི་དཀོན་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་འཁོར་སྐྱོད་བཀོལ་སྤྱོད་བྱེད་པའི་བྱ་བའི་ཆུ་ཚད་སྔར་ལས་ཅུང་དམའ།
           དེ་བས་འཐུས་མི་གསུམ་གྱིས་རྒྱལ་ཁབ་རིམ་པ་ནས་སྲིད་ཇུས་དང་དངུལ་རྩ་སོགས་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འཕེལ་རྒྱས་ཀྱི་འགོག་རྐྱེན་སེལ་ནས། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་འཁོར་སྐྱོད་བཀོལ་སྤྱོད་ཀྱི་བྱ་བ་ཆུ་ཚད་གསར་བ་རུ་གོང་འཕེལ་དུ་གཏོང་རྒྱུའི་གྲོས་གཞི་བཏོན།