ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཟས་མཆོག་གི་འགྲེམས་སྟོན་ཉུལ་ཏེ“རོ་མཆོག་གི་རྔ་བར”མྱོང་བ།

སྤེལ་དུས 2018-03-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས17ནས18ཉིན་བར། “དག་གཙང་གི་རྔ་བ•སྣོད་བཅུད་ཀྱི་ཟས་མཆོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྐབས་གསུམ་པའི་ཁྱད་ལྡན་ཟས་མཆོག་ནུས་རྩལ་འགྲན་སྡུར་དང་ཟས་མཆོག་འགྲེམས་སྟོན་དེ་ཆུ་ཆེན་རྫོང་དུ་སྤེལ་ཞིང་། ཁུལ་ཡོངས་ཀྱི་རྫོང་དང(གྲོང་ཁྱེར) 13ཁག་ནས་ཡོང་བའི་བོད་རིགས་དང་། ཆའང་རིགས་ཀྱི་མིང་དུ་གྲགས་པའི་ཟས་མཆོག་ཇ་མ་རྣམས་མཉམ་གཅིག་ཏུ་འཛོམས་ནས་ལག་རྩལ་འགྲན་སྡུར་བྱས་ཏེ། ཡུལ་སྐོར་བ་དང་མང་ཚོགས་ལ་ཉེ་སའི་མདུན་ནས“རོ་མཆོག་གི་རྔ་བ”མྱངས་སུ་བཅུག
རི་མོ་འདི་ནི་བྱེད་སྒོ་སྤེལ་བའི་ཡུལ་དངོས་རེད། པར་རིས་ཀྱི་ཡོངས་ཁུངས། ཆུ་ཆེན་རྫོང་མི་དམངས་སྲིད་གཞུང་གི་དྲ་ཚིགས། 
             རྒྱུས་ལོན་བྱུང་བ་ལྟར་ན། བྱེད་སྒོ་དེས“དག་གཙང་གི་རྔ་བ•སྣོད་བཅུད་ཀྱི་ཟས་མཆོག”ཅེས་པ་བརྗོད་གཞི་གཙོ་བོ་བྱས་ཤིང་། དེར་རྔ་བའི་ཟ་ཁང་གི་ཞབས་ཞུའི་རྩལ་ནུས་དང་ཁྱད་ལྡན་མིང་གྲགས་ཆེ་བའི་ཚལ་རིགས་གཡོས་སྦྱོར་གྱི་རྩལ་ནུས་འགྲན་བསྡུར་དང་། རྔ་བའི་ཁྱད་ལྡན་ཟས་མཆོག་འགྲེམས་སྟོན་དང་། སྒོར་གཞས་མཚན་ཚོགས། རྔ་བའི་ཁྱད་ལྡན་ཟས་མཆོག་བརྟག་དཔྱད་དང་། རྔ་བའི་ཁྱད་ལྡན་ཟས་རིགས་འགྲེམས་འཚོང་སོགས་ཀྱི་རྣམ་པ་འདུས། ཟས་མཆོག་རྩལ་ནུས་ཀྱི་འགྲན་སྡུར་དུ་རྫོང(གྲོང་ཁྱེར)13ཚོགས་པ་བསྒྲིགས་ཏེ་ཞུགས་ཡོད་ཅིང་། དེར་འགྲན་ཞུགས་པ་མི88དང་། ཚལ་རིགས་སྣ་ཁ247ལྷག་འགྲན་རྩོད་བྱས་པ་དང་། དེར་མགྲོན་ཁང་གི་ཟ་ཁང་གི་ཆུ་ཚད་ཧ་ཅང་མཐོ་བའི་ཇ་མའི་ལག་རྩལ་སྤུས་ལེགས་ཡོད་པར་མ་ཟད། རྒྱུན་ལྡན་གྱི་མི་སེར་དཀྱུས་མའི་ཟས་རིགས་ཀྱང་ཡོད། 
རི་མོ་འདི་ནི་བྱ་དགའ་སྤྲོད་པའི་ཡུལ་དངོས་ཡིན། ཆུ་ཆེན་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་མཁོ་འདོན་བྱས། པར་རིས་ཀྱི་ཡོངས་ཁུངས། རྒྱལ་སྤྱིའི་དྲ་ཐོག
             དཔྱད་བསྡུར་བྱས་པ་བརྒྱུད། འབར་ཁམས་གྲོང་ཁྱེར་གྱི“ཞོག་ཁོག་སེང་མགོ”དང་། འཛམ་ཐང་རྫོང་གི“དོམ་སྡེར་འགྲན་བསྡུར”དང་། ཆུ་ཆེན་རྫོང་གི“ཏིལ་འབྲུ་ཆང་བ་ལིའི་ཚལ་སོགས་ཚལ་རིགས་སྣ་ཁ40ལྷག་ལ“ 2018ལོའི་རྔ་བའི་ཁྱད་ལྡན་གྱི་མིང་གྲགས་ཆེ་བའི་ཟས་མཆོག”ཅེས་པའི་མཚན་སྙན་ཐོབ་པ་དང་། ཧུང་ཡོན་རྫོང་གི“གཟུགས་དབྱིབས་ཀུ་ཤུ”དང་། གཟི་ཚ་སྡེ་དགུ་རྫོང་གི“གཟི་ཚ་སྡེ་དགུའི་ཚོན་འཁྱགས”སོགས་བསྡོམས་པས་ཁྱད་ཆོས་ལྡན་པའི་ཟས་རིགས་སུམ་ཅུ་ལྷག་ལ“ 2018ལོའི་རྔ་བའི་ཁྱད་ལྡན་ཟས་མཆོག”ཅེས་པའི་མཚན་སྙན་འཐོབ། འབར་ཁམས་གྲོང་ཁྱེར་གྱི“བྲོ་ལྡན་གྱི་ཆོས་སྒང་ཤ་མོ་》དང་། ཆུ་ཆེན་རྫོང་“ཆང་བ་ལི་དྲི་ཞིམ་གྱི་ཤ་མོའི་རྒྱལ་བོ”སོགས་ཚལ་རིགས་ཉི་ཤུ་ལྷག་ལ“རྔ་བའི་གདོད་མའི་སྣོད་བཅུད་ཀྱི་ལྗང་མདོག་བཟའ་བཏུང་བྱ་དགའ”འཐོབ་པ་དང་། རྔ་བ་རྫོང་རིན་ཞའོ་ལི་དང་། འབར་ཁམས་གྲོང་ཁྱེར་མ་དཔའ་སྐྱིད། ཆུ་ཆེན་རྫོང་ལིའུ་ཧྲུང་ཧུང་སོགས་ལ“ཟ་ཁང་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་གྱི”ཨང་དང་པོ་དང་། གཉིས་པ། ཨང་གསུམ་པ་བཅས་ཀྱི་བྱ་དགའ་ཐོབ་ཅིང་། འབར་ཁམས་གྲོང་ཁྱེར་གྱི་ཞ་ཧུང་ཁྲུན་དང་། ཆུ་ཆེན་རྫོང་གི་ཧུའུ་ཧྲུ་སོགས་ལ“རྔ་བའི་ཁྱད་ལྡན་ཟས་མཆོག་གཡོས་སྦྱོར་གྱི་རྩལ་ནུས་མཁས་པ”ཞེས་པའི་མཚན་སྙན་འཐོབ། ཆུ་ཆེན་རྫོང་གི་ཀྲིག་ཞའོ་ལི་དང་། བཙན་ལྷ་རྫོང་གི་ཧོ་ཅུན་སོགས་ལ“རྔ་བའི་ཁྱད་ལྡན་ཟས་རིགས་གཡོས་སྦྱོར་རྩལ་ནུས་མཁས་པ”ཞེས་པའི་མཚན་སྙན་འཐོབ་པ་དང་། འབར་ཁམས་གྲོང་ཁྱེར་དང་། ཅིན་ཁྲོན་སོགས་རྫོང་6གི་འཐུས་མི་ཚོགས་པར་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་འཐོབ་པ་དང་། གཟི་ཚ་སྡེ་དགུ་རྫོང་དང་། ཧུང་ཡོན་རྫོང་སོགས་འཐུས་མི་ཚོགས་པ་བདུན་ལྷག་ལ་རྩ་འཛུགས་ཀྱི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་དང་། ཆུ་ཆེན་རྫོང་དང་། མཛོད་དགེ་རྫོང་བཅས་འཐུས་མི་ཚོགས་པ13ལྷག་ལ་བཟའ་བཅའ་འགྲེམས་སྟོན་གྱི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་དང་། ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་བཅས་ཐོབ། 
རི་མོ་འདི་ནི་ཡུལ་དངོས་ཀྱི་ལྟད་མོ་བས་ཟས་མཆོག་ལ་མྱོང་རོལ་བྱེད་པའི་རྣམ་པ་རེད། པར་རིས་ཀྱི་འབྱུང་ཁུངས། ཀྲུང་གོའི་ཉིན་རེའི་ཚགས་པར་དྲ་བ།
             ཐེངས་འདིའི་ཟས་མཆོག་གི་འགྲན་སྡུར་ཆེན་མོ་དང་། འགྲེམས་སྟོན་ཆེན་མོ་བྱས་པ་བརྒྱུད་རྔ་བའི་ཟས་མཆོག་རིག་གནས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དུ་བཏང་བར་མ་ཟད། རྔ་བའི་རྒྱུན་རིང་པོའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་མངོན་པ་དང་། དེར་མ་ཟད་ཁུལ་ཡོངས་ཀྱི་ཡུལ་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ནུས་ལྡན་སྒོས་སྐུལ་འདེད་བཏང་སྟེ། བཟའ་བཏུང་ལས་རིགས་ཀྱི་མཉམ་ལས་དང་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྔ་བའི་ཟས་མཆོག་གི་སྐད་གྲགས་ཆོད་ཚད་དང་། མཚན་སྙན་གྲགས་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་བཏང་ངོ་། །