ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཛམ་བྷ་ལའི་སྐོར་བྲོ་འགྲན་ཚོགས་ཆེན་པོ།

སྤེལ་དུས 2018-04-12 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ། སྒྲོལ་མས་བསྒྲིགས།

          ཟླ་4བར། ནོར་འཛིན་བུ་མོས་ལྗང་མདོག་གོས་གསར་ལུས་ལ་བགོས་ཤིང་ཚེ་སྲོག་གསར་བའི་མྱུ་གུ་འབུས། སྐབས་འདི་ནི་མཐོ་སྒང་འཛམ་ཐང་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་ལ་དབུ་ཁྱུད་འབྲི་བའི་དུས་ཡིན་ལ། ཚེས་9ཉིན་གྱི་ཕྱི་དྲོར། དྲིན་གཟོ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ། འཆམ་མཐུན། གོང་འཕེལ་བཅས་བརྗོད་བྱ་གཙོ་བོར་བྱས་པའི་ཛམ་བྷ་ལའི་སྐོར་བྲོ་འགྲན་ཚོགས་ཆེན་པོ་འཛམ་ཐང་རྫོང་གི་རིག་གནས་ཐང་ཆེན་དུ་འགྲན་མགོ་ཚུགས། 

          རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་12ཀྱི་ཞིང་འབྲོག་མང་ཚོགས་མི་སྟོང་གཉིས་དང་དྲུག་བརྒྱ་ལྷག་འཁྲབ་སྟོན་ལ་ཞུགས་ཡོད། 
          འགྲན་ཞུགས་ཚོགས་པ་སོ་སོས་གྲལ་འགྲིག་པའི་རུ་དཔུང་བསྒྲིགས་ཤིང་གདོང་ལ་འཛུམ་མདངས་རྒྱས་ནས། ཚད་མེད་པའི་ཡིད་ཆེས་ཀྱིས་བརྟས་ཏེ་ཚོགས་ར་རུ་ཕེབས་བྱུང་། 

          འཁྲབ་ཚན25དང་འཁྲབ་ཡུན་ཆུ་ཚོད5ལྷག་གི་རིང་ལ། དགའ་སྐྱིད་ཀྱིས་བརྟས་པའི་ཛམ་བྷ་ལའི་རོལ་དབྱངས་དང་སྦྲགས་ཏེ། ཞིང་འབྲོག་དམངས་ཚོགས་ཀྱིས་ལག་རྡང་སྦྲེལ་ཏེ་དྭངས་གཙང་མཐོ་སྒང་གི་ཡུལ་ནས།བཀྲ་ཤིས་པའི་སྐོར་བྲོ་འཁྲབ་བྱུང་། འཛམ་ཐང་མི་དམངས་ཀྱིས་སྙན་པའི་དབྱངས་རྟ་དང་མཛེས་པའི་སྟངས་སྟབས་རེ་རེ་རྣ་བའི་བཅུད་དང་མིག་གི་དགའ་སྟོན་དུ་འདྲེན་པར་བྲེལ་བཞིན་གདའ། 

          འཁྲབ་སྟོན་པ་རྣམས་ཀྱིས་དབྱངས་རྟའི་འགྱུར་བག་དང་བསྟུན་ཏེ་ཡིད་དུ་འོང་པའི་གར་གྱི་གར་སྟབས་ལས་ཛམ་བྷ་ལའི་སྐོར་བྲོའི་ཐུན་མིན་ཁྱད་ཆོས་མངོན་པར་བྱས་ཤིང་། བདེ་ལྕག་འཁྱུག་པའི་གོམ་སྟབས་ལས་ཛམ་བྷ་ལའི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་གྱི་ཡིད་ཆེས་ཀྱང་བསྟན་བྱུང་། 

        འཛམ་ཐང་ནི་སྔར་བཞིན་གསོན་ཤུགས་རྒྱས་ཤིང་གཟི་དཔལ་འབར་བཞིན་ཡོད། འཛམ་ཐང་རྫོང་གིས་སྒྱུ་རྩལ་གྱི་ཕུགས་བསམ་དང་འཚོ་བ་གཉིས་གཞི་གཅིག་ཏུ་སྦྲེལ་ཞིང་། རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕྱོགས་བཞིའི་མགྲོན་པོའི་ཡིད་སེམས་བཀུག་དང་འགུག་བཞིན་མཆིས།