སི་ཁྲོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཨུའི་བོད་རིགས་ས་ཁུལ་གཞུང་དོན་ཁང་གིས་དཀར་མཛེས་ཁུལ་གྱི་ཇོ་མོ་དགོན་པ་གཉིས་ལ་སྒོར་ཁྲི་བཅུའི་ཞལ་འདེབས་ཕུལ་བ།
སྤེལ་དུས 2018-05-03
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པད་མས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས1ཉིན། སི་ཁྲོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཨུའི་བོད་རིགས་ས་ཁུལ་གཞུང་དོན་ཁང་གི་ལས་བྱེད་མི་སྣ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་བྲག་དཀར་ཇོ་མོ་དགོན་དང་། སྔགས་སྒང་ཇོ་མོ་དགོན་གཉིས་སོ་སོར་སྒོར་ཁྲི་བཅུའི་ཞལ་འདེབས་ཕུལ་བར་མ་ཟད། ཚབ་ཉོ་བྱས་པའི་འཚེམ་བཟོ་འཕྲུལ་འཁོར་བཞི་སྐྱེལ་བ་རེད། ཞལ་འདེབས་མཛད་སྒོའི་སྟེང་། ཚོགས་ཞུགས་མི་སྣ་དང་མཉམ་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཁྱབ་བསྒྲགས་བྱས་པའི“ལྔ་གཅིག”གི་ཤིས་ཚིག་སྟེ། 《ངལ་རྩོལ་ལ་དགའ་བའི་མི་རྣམས་ལ་གུས་འདུད་ཞུ》ཞེས་པར་སློབ་སྦྱོང་བྱས།

སི་ཁྲོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཨུའི་བོད་རིགས་ས་ཁུལ་གཞུང་དོན་ཁང་གིས་འབྲེལ་ཡོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དུས་ཐོག་ཏུ་ཇོ་མོ་དགོན་པ་གཉིས་ཀྱི་རང་སྟོབས་རང་སྤེལ་གྱི་དགོས་མཁོ་དང་། རང་ནུས་རང་སྤེལ་གྱི་དགོས་མཁོ་ཐག་གཅོད་དང་ཞིབ་འཇུག་བྱས་པ་དང་། ཇོ་མོ་རྣམས་ཀྱིས་རོགས་སྐྱོར་མ་དངུལ་བེད་སྤྱོད་ཡག་པོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་འཛུགས་སྐྲུན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་རྒྱུར་མ་ཟད། རང་འགུལ་གྱིས་ཐོབ་དཀའ་བའི་ལྷིང་འཇགས་མཐུན་སྒྲིལ་གྱི་རྣམ་པ་སྲུང་སྐྱོབ་བྱེད་དགོས།
ཇོ་མོའི་འཐུས་མི་ཚེ་དབང་དང་། ཚེ་དབང་ལྷ་མོས་གཏམ་བཤད་ནང་དུ་སི་ཁྲོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཨུའི་བོད་རིགས་ས་ཁུལ་གཞུང་དོན་ཁང་ལ་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་འཚེམ་བཟོ་འཕྲུལ་འཁོར་གསར་རྐྱང་ལ་ཡིད་ཚིམ་པ་དང་། ངེས་པར་དུ་གྲོན་དངུལ་དང་འཚེམ་བཟོ་འཕྲུལ་འཁོར་འདི་དག་བཀོལ་སྤྱོད་ཡག་པོ་བྱེད་རྒྱུ་དང་། རང་གསོའི་ནུས་པ་མཐོ་རུ་བཏང་སྟེ་རྒྱུན་ཆད་མེད་པར་ཁོར་ཡུག་ལེགས་སྒྱུར་དང་ཇེ་ལེགས་སུ་གཏོང་རྒྱུ་ཞེས་བཤད།