ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

པེ་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་རྟོག་ཞིབ་བྱས།

སྤེལ་དུས 2018-05-25 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་དུ། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཁྲིན་ཅི་ཉིན་གྱིས་པེ་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་པའི་གནས་ཚུལ་དང་། རོགས་སྐྱོར་ས་ཁུལ་ནས་དུས་བཅད་ལྟར་དབུལ་ཐར་བྱ་བ་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་ཁྲིན་ཅི་ཉིན་ལ་ཐུག་འཕྲད་བྱས།
            ཝང་ཅན་ཅོན་གྱིས་ཐུག་འཕྲད་ཁྲོད་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་གི་ཚབ་བྱས་ཏེ་པེ་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་པར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀྲུང་དབྱང་གིས་པེ་ཅིན་གྲོང་ཁྱེར་ཡུས་ཧྲུའུ་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱེད་མཁན་དུ་གཏན་འབེབས་བྱས་པ་ནས་བཟུང་། པེ་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏད་པ་དང་ཁག་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ང་ཚོར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པར་མིག་དཔེ་ཡག་པོ་ཞིག་བསྟན་ཟེར།
            ཝང་ཅན་ཅོན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་འགན་ཁུར་ཆེ་ཤོས་ཀྱང་སྐྱེ་ཁམས་ཀྱི་སྟེང་ན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལ་སྐུལ་འདེད་གཏོང་དགོས། ལྔ་བཞིའི་འཐབ་ཇུས་ལག་ལེན་ལ་བསྟར་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བའི་སྟེང་བསྐྱོད་དགོས། ཁ་མིན་དོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་དང་ཆབ་སྲིད་ཀྱི་ཁག་ཁུར་ཕྲག་སྟེང་དུ་བླངས་ནས། དྭངས་གཙང་ཆུ་མོ་ལྷུང་ལྷུང་ཤར་ཏུ་འབབ་པར་འགན་ལེན་ཁག་ཐེག་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས། ཏང་ཀྲུང་དབྱང་དང་པེ་ཅིན་སོགས་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐུགས་ཁུར་དང་སྒེར་སེམས་སྤུ་ཙམ་མེད་པའི་རོགས་འདེགས་ལ་དྲིན་ལན་འཇལ་དགོས་ཟེར།
            ཁྲིན་ཅི་ཉིན་གྱིས་པེ་ཅིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་གྱིས་པེ་ཅིན་གྱི་བྱ་བར་རྒྱབ་སྐྱོར་གང་ལེགས་དང་། པེ་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་བྱེད་པར་ཐུགས་ཁུར་ཟབ་བཞེས་གནང་བར་བཀའ་དྲིན་ཞུས་པར་མ་ཟད། མདོར་བསྡུས་སྒོས་རྒྱལ་སའི་ཚུལ་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ད་ཐེངས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་རྟོག་ཞིབ་ལ་ཡོང་རྗེས། ཡུས་ཧྲུའུ་བོད་ཁུལ་གྱི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་དང་རིགས་སོ་སོའི་མི་དམངས་ཀྱི་བདེ་སྡོད་ལས་སྐྲུན། རིམ་པ་སོ་སོའི་ལས་བྱེད་པའི་གསོན་ཉམས་བཅས་མཐོང་ལ། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་མངོན་པར་མཚོན་ཐུབ་པས། ང་ཚོ་ལ་སྤྲོ་སྣང་ཆེན་པོ་བྱིན་ཟེར།
            རྟོག་ཞིབ་ཁྲོད་དུ། ཁྲིན་ཅི་ཉིན་སྔ་གཞུག་ཏུ་ཡུས་ཧྲུའུ་གྲོང་ཁྱེར་དང་རྫ་སྟོད་རྫོང་། ནང་ཆེན་རྫོང་། ཁྲི་འདུ་རྫོང་བཅས་སུ་སོང་ནས། ཡིག་ཚགས་བཙུགས་ཤིང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། པེ་ཅིན་གྱིས་ཡུས་ཧྲུའུ་ཁུལ་གྱི་ཁ་གཏད་རོགས་སྐྱོར་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། པེ་ཅིན་གྲོང་ཁྱེར་གྱིས་ཡུས་ཧྲུའུ་ཁུལ་ལ་ཁ་གཏད་དབུལ་སྐྱོར་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
            མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་དང་། པེ་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལུའུ་ཡན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉེའོ་ཁྲིན་ཡུན་བཅས་རྟོག་ཞིབ་བྱ་བར་ཞུགས། །