དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཀྲུང་བོད་ལུགས་གསོ་རིག་གི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་བོད་ལུགས་གསོ་རིག་དར་བའི་ཞིང་ཆེན་བསྐྲུན་པའི་བྱ་གཞག་དར་རྒྱས་སུ་གཏོང་བ།

སྤེལ་དུས 2019-03-21 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འདི་ཉིད་བོད་རང་སྐྱོང་ལྗོངས་ཕུད་པའི་བོད་རིགས་འདུས་སྡོད་ཁུལ་ཆེས་ཆེན་པོ་ཡིན་པའི་ཆ་ནས། དེ་ནི་བོད་ལུགས་གསོ་རིག་གི་འབྱུང་གནས་གལ་ཆེན་དང་ཁྱབ་སྤེལ་གྱི་གནས་གལ་ཆེན་ཞིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་རིང་། རིམས་ནད་དང་འཐབ་རྩོད་བྱེད་པ་དང་། གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་བརྒྱུད་རིམ་ཁྲོད། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་མཚོ་སྔོན་མི་དམངས་ཀྱིས་སྲོལ་རྒྱུན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བང་མཛོད་ཆེན་མོར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ལུགས་གསོ་རིག་གི་འཕེལ་རྒྱས་བྱ་གཞག་དེ་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་། ཕྱི་ཕྱོགས་ལ་སྒོ་སྔར་ལས་རྒྱ་ཆེར་འབྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད། བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད་པས། ཀྲུང་ལུགས་གསོ་རིག་སྨན་རྫས་དང་མི་རིགས་ཀྱི་གསོ་རིག་སྨན་རྫས་དར་རྒྱས་གོང་འཕེལ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་། ཡང་གོམ་གང་མདུན་སྤོས་ཀྱིས་“ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་། ཀྲུང་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་འཕེལ་རྒྱས”ཀྱི་གནས་གཏན་གསར་པ་བཏོན་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་བྱ་གཞག་འཕེལ་རྒྱས་ཀྱི་རེ་བཞག་གསར་པ་དང་བླང་བྱ་གསར་པ་མཚོན་ཡོད།
          བསྒྱུར་བཅོས་སྒོ་འབྱེད་ཚུན་དང་ལྷག་པར་དུ་དུས་རབས་གོང་མའི་ལོ་རབས་དགུ་བཅུ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་ལས་རིགས་ཁྲོད་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་སྟེ། འབྲེལ་ཡོད་གཟིགས་སྐྱོང་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱས་ནས “མཚོ་སྔོན་འདི་རྒྱལ་ཡོངས་བོད་ལུགས་གསོ་རིག་རིག་གཞུང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་གནས་གལ་ཆེན་དུ་འཛུགས་སྐྲུན་བྱེད་དགོས”ཞེས་བསྟན་ཡོད། 
          2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ལོ་དང་། མཚོ་སྔོན་ཞིང་ཆེན་བཅིངས་འགྲོལ་ཐོབ་ནས་ལོ་འཁོར70ལོན་པའི་ལོ་ཡིན་ལ། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ད་ལོའི་ལོ་འགོར། མཚོ་སྔོན་ཞིང་ཆེན་གྱིས་རོགས་སྐྱོར་དང་སྐུལ་སྤེལ་ཁྲོད་བོད་ལུགས་གསོ་རིག་གོང་འཕེལ་གཏོང་བའི་བྱ་ཐབས་འགའ་བཏོན་ཏེ། ཞིང་ཆེན་བོད་ལུགས་གསོ་རིག་བྱ་གཞག་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། འཛིན་ཐག་དང་ཐབས་ལམ་ཁ་གསལ་བཟོས་སྟེ། བོད་ལུགས་གསོ་རིག་བྱ་གཞག་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་བོད་ལུགས་གསོ་རིག་དར་བའི་ཞིང་ཆེན་བསྐྲུན་པའི་བྱ་གཞག་དར་རྒྱས་སུ་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།