དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་གཙོ་གནད་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ།

སྤེལ་དུས 2020-03-24 ཡོང་ཁུངས། ཉིན་རེའི་གངས་ལྗོངས། རྩོམ་པ་པོ།
          ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཕྱོགས་གཉིས་དམ་འཛིན་དང་སྐུལ་འདེད་གཉིས་རྒྱུན་འཁྱོངས་བྱས་པ་དང་། གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ལ། ལས་གཉེར་ཐད་ཀྱི་དཀའ་ཁག་ཐག་བཅད་པ་མ་ཟད། ཐོན་ལས་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱས་པ་དང་། མི་སྡོད་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་བྱས་ལ། ད་དུང་དྲིལ་སྒྲོག་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས། འགལ་རྩོད་བརྟག་སེལ་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་གཙོ་གནད་བཟང་བོར་སྤེལ་བ་དང་། སྲིད་ཇུས་གནད་ལ་འཁེལ་བ་སྤྱད་དེ། བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ།
          གཅིག་སྒྲིལ་རྫོང་གིས་གཅིག་གྱུར་འཆར་འགོད་བྱས་པ་དང་། ལོ་ཧྲིལ་བོའི་གནས་ཐིག་གཏན་ཁེལ་གྱི་རོགས་སྐྱོར་འཆར་གཞི་ལ་ཞིབ་འཇུག་དང་བཀོད་སྒྲིག་ནན་མོ་བྱས་ལ། ལས་གཞི་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ཐག་གཅོད་རྐྱེན་སྲོལ་བཙུགས་ལ། ལངས་གཟུགས་ཅན་གྱི་སྤྱི་ཚོགས་འགལ་རྩོད་བརྟག་སེལ་ཐག་གཅོད་དྲ་རྒྱའི་མ་ལག་བཙུགས་པ་དང་། བསྡོམས་པས་བར་འདུམ་ཨུ་ཡོན་ལྷན་ཁང་ཞེ་བཞི་བཙུགས་པ་དང་བར་འདུམ་པ་བརྒྱ་དང་ཞེ་དགུ་སྐྱེད་སྲིང་བྱས་ནས། རྫོང་ཁོངས་དང་ས་ཁུལ་ཡོངས་སུ་ཁེབས་པར་བྱས། དེ་དང་མཉམ་དུ། བར་འདུམ་ཚད་ལྡན་ཅན་གྱི་དྲ་ཐོག་སྟེགས་བུ་བཙུགས་པ་དང་། གཞི་རིམ་གྱི་ཚད་ལྡན་ཅན་གྱི་བར་འདུམ་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། མི་དམངས་བར་འདུམ་ཀྱིས་རྩ་འཛུགས་དྲ་རྒྱ་དང་བར་འདུམ་གཡུལ་ས། དཔུང་སྡེ་འཛུགས་སྐྲུན། བར་འདུར་རྒྱུད་རིམ། བར་འདུམ་ཡི་གེ་སོགས་ཕྱོགས་ཀྱི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། མི་དམངས་བར་འདུམ་པས་ཁྲིམས་ལྟར་བར་འདུམ་བྱེད་པའི་ནུས་པ་མཐོར་འདེགས་བཏང་།
          དེ་དང་མཉམ་དུ། གཅིག་སྒྲིལ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱེད་པར་བརྟེན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཞང་དང་གྲོང་རྡལ་སོ་སོས་ཞན་ཆ་ཁ་གསབ་བྱེད་པ་དང་གཅིག་བསྡུས་སྒོས་མེད་པར་བཟོ་བའི་དམིགས་འབེན་ལ་དམིགས་ཏེ། བདེ་འཇགས་བཏུང་ཆུ་དང་བདེ་འཇགས་སྡོད་ཁང་། ཡིག་ཚགས་འཐུས་ཚང་དུ་གཏོང་བ། ངལ་རྩོལ་པའི་ལས་ཞུགས་སོགས་ཐད་ཤུགས་བཏོན་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་གསོ་སྦྱོང་ཐད་ཤུགས་བསྣན་ནས། སློབ་མཐར་ཕྱིན་པའི་སློབ་ཆེན་སློབ་མ་གཞི་རིམ་གྱི་བྱ་བའི་ལས་རྐང་སྟེང་ཞུགས་པར་སྐུལ་འདེད་བཏང་། ད་དུང་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས། རྣམ་པ་གསར་བའི་མཁར་གྲོང་འབྲེལ་བ་ཁྱོན་ཡོངས་ནས་འཛུགས་པ་དང་། སྲོལ་རྒྱུན་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་སུ་བསྒྱུར་བ་སོགས་ཕྱོགས་ནས་བཀོད་སྒྲིག་བཟང་པོ་བྱས། མིག་སྔའི་བར་དུ། སློབ་ཆེན་སློབ་མ་སོ་བརྒྱད་ཀྱི་ལས་ཞུགས་གནས་ཚུལ་ཐག་བཅད་པ་དང་། སྡོད་ཁང་བརྒྱ་དང་ཞེ་བཞིའི་བདེ་འཇགས་གནད་དོན་ཐག་བཅད། དེའི་རྨང་གཞིའི་སྟེང་། གཅིག་སྒྲིལ་རྫོང་གིས་མ་དངུལ་སྒོར་འབུམ་དགུ་དང་ཁྲི་གཉིས་སྟོང་གསུམ་བཏང་ནས། རྫོང་ཡོངས་ཀྱི་དང་ཞང་ལྔ་དང་གྲོང་རྡལ་གཅིག སྡེ་བ་ཉེར་གཉིས་ལ་འགྲུལ་སྐྱེལ་རླངས་འཁོར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས་ཏེ། རྫོང་ཡོངས་ཀྱི་མང་ཚོགས་ཁྲི་གཉིས་སྟོང་དགུ་ལ་ཕན་བཏགས་པ་དང་། མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མང་ཚོགས་དང་ཧ་ཅང་དབུལ་ཕོངས་ཡིན་པའི་མང་ཚོགས་ཀྱི་རོགས་སྐྱོར་མ་དངུལ། རིན་གོང་གནས་སྐབས་ཁ་གསབ། དགུན་དུས་ཀྱི་དྲོད་འདོན་ཁ་གསབ་བཅས་བསྡོམས་པས་མ་དངུལ་སྒོར་ས་ཡ་བདུན་དང་ཁྲི་བཞི་བྱིན།