དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་པཎྜི་ཏ་ཀུང་སིས་བོད་ཁུལ་གྱི་སློབ་གསོར་བཅངས་པའི་བརྩེ་བ།

སྤེལ་དུས 2020-03-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ད་ལོའི་ལོ་སྟོད་ལ། གློ་བུར་དུ་བྱུང་བའི་གློ་ཚད་རིམས་ནད་ཀྱིས་སློབ་གྲྭའི་རྒྱུན་ལྡན་གྱི་སློབ་ཁྲིད་འཆར་གཞི་ལ་འགོར་འགྱངས་བཟོས་ཡོད། ཁྲིད་མཚམས་བཞག་ཀྱང་བསླབ་མཚམས་མི་འཇོག་པར་འགན་ལེན་བྱ་ཆེད། བོད་རིགས་ས་ཁུལ་ཁག་གིས་ཀྱང་མགྱོགས་མྱུར་སྒོས་དྲ་ཐོག་སློབ་ཁྲིད་བྱ་ཐབས་སྤྱད་པ་རེད། དེ་ལྟ་བུའི་ལས་ཀར་རྒྱབ་སྐྱོར་བྱེད་ཆེད། མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི41.5ཟིན་པའི་པཎྜིཏ་སློབ་གསོ་ཆ་འཕྲིན་ཅན་མ་ལག་དང་པཎྜིཏ་ལག་ཐོག་རྩིས་འཁོར་ཞལ་འདེབས་སུ་ཕུལ་ནས། བྱིས་པ་རྣམས་ཀྱིས་དུས་ཐོག་ཏུ་སློབ་ཁྲིད་ཉན་ཐུབ་རྒྱུར་རོགས་འདེགས་བྱས་ཡོད་པ་རེད།

          དེ་ཡང་མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུད་ལ་རིན་ཐང་སྒོར་ཁྲི30ཟིན་པའི་པཎྜི་ཏ་སློབ་གསོ་ཆ་འཕྲིན་ཅན་མ་ལག་དང་པཎྜིཏ་ལག་ཐོག་རྩིས་འཁོར200ཞལ་འདེབས་སུ་ཕུལ་ནས། མཚོ་ལྷོ་བོད་ཁུལ་གྱི་སློབ་མ་ཁག་གཅིག་དྲ་ཐོག་སློབ་ཁྲིད་ནང་ཞུགས་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད་པ་རེད། ཀུང་སིའི་འགན་འཛིན་པ་དཔའ་རྒོད་ཚེ་རིང་གིས། ཐེངས་འདིའི་རིམས་ནད་སྔོན་འགོག་གི་དམིགས་བསལ་དུས་སྐབས་སུ། སློབ་གྲྭའི་རིམས་འགོག་གི་འགན་འཁྲི་ཧ་ཅང་ལྕི་སྟབས། རང་ཉིད་ཁེ་ལས་པ་ཞིག་གམ་སློབ་གསོ་སྡེ་ཁག་གི་མི་ཞིག་ཡིན་པའི་ངོས་ནས་ངེས་པར་ཏུ་འགན་འཁྲི་འཁུར་རོགས་བྱས་ནས་རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་དགོས་ངེས་ཡིན་ཞེས་གསུངས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ནས་ཞལ་འདེབས་ཕུལ་བའི་བྱ་སྤྱོད་ལ་ཁས་ལེན་གང་ལེགས་དང་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

པཎྜིཏ་ཀུང་སིས་མཚོ་སྔོན་མཚོ་ལྷོ་ཁུལ་ལ་ཆ་འཕྲིན་ཅན་གྱི་མ་ལག་ཞལ་འདེབས་ཕུལ་བ།
          མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིས་ད་དུང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སློབ་གསོ་ཅུད་ལ་རིན་ཐང་སྒོར་ཁྲི་7.5ཟིན་པའི་པཎྜི་ཏ་སློབ་གསོ་ཆ་འཕྲིན་ཅན་མ་ལག་དང་པཎྜིཏ་ལག་ཐོག་རྩིས་འཁོར50ཞལ་འདེབས་སུ་ཕུལ་དང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སློབ་གསོ་ཅུད་ལ་རིན་ཐང་སྒོར་ཁྲི་4ཟིན་པའི་པཎྜི་ཏ་སློབ་གསོ་ཆ་འཕྲིན་ཅན་མ་ལག་དང་པཎྜིཏ་ལག་ཐོག་རྩིས་འཁོར10ཞལ་འདེབས་སུ་ཕུལ་ནས་དམངས་གཉེར་ཁེ་ལས་ཀྱིས་བོད་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་བཅངས་པའི་བརྩེ་བ་མཚོན་པར་བྱས་ཡོད།

པཎྜིཏ་ཀུང་སིས་མཚོ་སྔོན་ཡུལ་ཤུལ་འབྲི་སྟོད་རྫོང་ཞལ་འདེབས་འབུལ་བ།
བོད་ལྗོངས་བཞད་མཐོང་སྨོན་རྫོང་སློབ་གསོ་ཅུད་ཀྱི་ཐུགས་རྗེ་ཆེ་ཞུ་ཡིག
          མཚོ་སྔོན་པཎྜིཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི་ནི་སྤྱི་ལོ་2013ལོའི་ཟླ་1པོའི་ནང་དཔའ་རྒོད་ཚེ་རིང་དང་སངས་རྒྱས་དོན་གྲུབ་སོགས་མི་བཞི་ཡིས་བཙུགས་ཤིང་གཙོ་གཉེར་ཁྱབ་ཁོངས་རྩིས་འཁོར་དང་། དྲ་རྒྱའི་ལག་རྩལ། ཆ་འཕྲིན་ཞབས་ཞུ། མཉེན་ཆས་གསར་གཏོད། བརྡ་ཁྱབ་ཇུས་འགོད་སོགས་ཡིན་པའི་ཚན་རྩལ་རང་བཞིན་གྱི་ཁེ་ལས་གསར་གྲས་ཤིག་རེད།
པཎྜིཏ་ཀུང་སིའི་དྲ་ཐོག་མཉེན་ཆས་ཁག་གཅིག