དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མངའ་རིས་ས་ཁོངས་ཀྱི་རྒྱལ་ལམ་223གྱི་ལས་གྲྭ་བསྐྱར་དུ་ལས་འགོ་ཚུགས་པ།

སྤེལ་དུས 2020-04-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་1ཉིན་ཀྲུང་གོ་ལྕགས་ལམ་ཁང་གཉིས་པའི་ལས་གྲྭ་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སིས་རྩད་ཞིབ་ཇུས་འགོད་བྱས་པའི་རྒྱལ་ལམ་216གསར་སྐྲུན་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་རེད།
ལས་གྲྭའི་ཆེད་དོན་ཚན་ཞིབ་ལས་མི་ཡོངས།
          རྒྱལ་ལམ་216གི་གསར་དུ་བཟོ་བཅོས་བརྒྱབ་པའི་ལས་གྲྭ་ནི་རྒྱལ་ཁབ་ཀྱི་སྤྱིར་བཏང་གི་རྒྱལ་ཁབ་རིམ་པའི་གཞུང་ལམ་དྲ་བའི་འཆར་འགོད་ནང་གི་G216གི་འགག་རྩའི་ལམ་དུམ་ཡིན་ལ་དམངས་ཕྱུག་བོད་དར་གྱི་དམངས་འཚོའི་འདུ་འགོད་དང་ཤིན་ཅང་དང་སྦྲེལ་བའི་བོད་དར་གྱི་འདུ་འགོད་ཅིག་ཀྱང་རེད། རྣམ་གྲངས་དེ་བོད་ལྗོངས་མངའ་རིས་ས་ཁུལ་དུ་གནས་ཤིང་སྤྱིའི་རིང་ཚད་སྤྱི་ལེ་403ཡོད། ལམ་ཐིག་གནས་སའི་ས་ཁོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་པ་དང་། རི་བོ་མཐོ་བ་དང་། ས་བབ་མཐོ་བ། གྲང་ངར་ཆེ་བ་བཅས་ཀྱི་ཁོར་ཡུག་ཆ་རྐྱེན་ཞན་པོ་ཡོད།
ལས་གྲྭའི་ཐིག་ཚད་བླངས་བཞིན་པ།
          ཀྲུང་གོ་ལྕགས་ལམ་ཁང་གཉིས་པའི་ལྷ་ས་ཡན་ལག་ཁང་གི་ཡོན་ཀྲང་ཆིན་ཅན་ཉིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་ས་གནས་དེ་གའི་སྲིད་གཞུང་དང་རིམས་འགོག་གཙོ་གཉེར་སྡེ་ཚན་དང་ལྷན་དུ་མཉམ་འགོག་མཉམ་བཅོས་ཀྱི་ལས་དོན་ཡག་པོ་སྤེལ་བ་དང་། རིམས་འགོག་དངོས་ཟོག་གྲབས་གསོག་བྱ་ཤུགས་ཆེ་རུ་གཏོང་བ། ལས་མིར་གྲལ་བཤེར་དང་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་ལས་འགོ་ཚུགས་པ་དང་འབྲེལ་ལས་འགོ་བསྐྱར་ཚུགས་མི་སྣའི་བདེ་ཐང་དང་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་པ་རེད།
ལས་གྲྭའི་ཆེད་དོན་ཚན་ཞིབ་ལས་མི།
          ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭའི་ས་ཁོངས་ཀྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་སྣོད་བཅུད་ཉམས་ཞན་ཡིན་པ་མ་ཟད་མི་མེད་ལུང་སྟོང་ཁུལ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འདུས་སྡོད་ཁུལ་སོགས་བརྒྱུད་དགོས་སྟབས། ཀྲུང་གོ་ལྕགས་ལམ་ཁང་གཉིས་པའི་ལག་རྩལ་མི་སྣས་ཇུས་འགོད་བྱེད་པའི་བརྒྱུད་རིམ་ནང་དམིགས་བསལ་གྱི་ལམ་གཞིའི་དྲོད་སྲུང་དྲོད་འགོག་དང་། འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ། སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་སོགས་ལ་དམིགས་ནས་ཆེད་དོན་ཚན་ཞིབ་འགག་སྒྲོལ་བྱས་ཏེ་ལས་གྲྭའི་སྤུས་ཚད་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།
ས་གནས་ད་གའི་ལས་མི་དང་ཆེད་དོན་ཚན་ཞིབ་ལས་མི།
          རྣམ་གྲངས་བསྐྲུན་རྗེས་འབྲེལ་མཐུད་གཞུང་ལམ་དང་ཤིན་བོད་གཞུང་ལམ(G21ལམ་ཐིག་)འབྲེལ་མཐུད་ཐུབ་ནས་ལམ་རྒྱུད་དུ་ཤར་གཏོང་ཐུབ་ཚད་དང་། ཤར་བགྲོད་ནུས་པ། འཕྲལ་སྡོམ་འགན་ལེན་ནུས་པ་བཅས་སྔར་བས་ཆེ་རུ་ཕྱིན་ནས་ས་ཁོངས་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་མགྱོགས་སུ་གཏོང་རྒྱུར་ཕན་པ་ཆེན་པོ་ཐོན་རྒྱུ་ཡིན་པ་རེད།