དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

གུང་ཧོ་རྫོང་གིས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་རྒྱུ་རེད།

སྤེལ་དུས 2020-05-22 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
          ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས2020ལོའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་འགག་སྒྲོལ་ཚོགས་འདུ་བསྡུས་ཏེ། རྫོང་ཡོངས་ཀྱི་གོང་འོག་ཚང་མའི་བསམ་བློ་གཅིག་གྱུར་ཡོང་བ་དང་ཡིད་ཆེས་བརྟན་པོ་ཡོང་བ། རྫོང་ཡོངས་ཀྱིས་སྟོབས་ཤུགས་འདོན་པ། བརྩོན་པ་ཆེར་བསྐྱེད་ཀྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་འགག་སྒྲོལ་དམག་འཐབ་ཤུགས་ཡོད་རྒུས་རྒྱག་དགོས་པའི་སྐུལ་སློང་བྱས།
          གྲོས་ཚོགས་ཀྱིས་བསྟན་དོན། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་དགོས་ན་གནས་བབ་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་དགོས་ལ། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། མིག་གིས་གཞན་ལ་བལྟ་བ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྲོད་དུ་རང་ཉིད་ཀྱི་གོ་གནས་རྙེད་དགོས་ལ། རང་ཕྱོགས་གཅིག་སྡུད་བྱེད་པ་དང་མྱུར་མོར་འགུལ་སྐྱོད་བྱེད་པ། ཤུགས་ཡོད་རྒུས་ཞན་ཆ་ཁ་སྐོང་བྱེད་པ་དང་ཞན་ཆ་ཇེ་དྲག་ཏུ་གཏོང་དགོས། བསམ་བློའི་ངོས་འཛིན་དང་མཁྲེགས་ཆས་ཁོར་ཡུག དཔལ་ཡོན་སྤུས་འཚག་བཅས་ཀྱི་ཕྱོགས་སུ་མུ་མཐུད་དུ་ཤུགས་འདོན་པ་དང་བརྩོན་པ་བྱས་ཏེ། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པ་དེ་གུང་ཧོ་རྫོང་གི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཡུན་རིང་གི་ལས་འགན་དང་འཛིན་ལུང་གལ་ཆེན་དུ་བརྩི་བ་དང་། གསར་སྐྲུན་བྱ་བ་བདེ་བླག་ཡོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས།
          ཉེ་བའི་ལོ་འགའི་རིང་ལ། གུང་ཧོ་རྫོང་གིས་གཙོ་གནད་འབུར་དུ་དོད་པ་དང་སྟོབས་ཤུགས་གནད་དུ་ཁེལ་ནས་བཏོན་པས། རྨང་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་དམངས་ཡོངས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ། སྤྱི་ཚོགས་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐད་དུ་བརྩོན་པ་ཆེན་པོ་བསྐྱེད་ནས། དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་བྱེད་ཐབས་སྔར་བས་གོ་ཆོད་པ་ཞིག་ཏུ་བཏོན། ད་ལྟ། གྲལ་དག་པའི་སྲང་ལམ་དང“ཕྱི་ལྭ”གྱོན་པའི་གྱང་ངོས། བདེ་འཇགས་ཤར་གཏོང་གི་འགྲིམ་འགྲུལ་བཅས་ལས་གུང་ཧོ་རྫོང་གི་དཔལ་ཡོན་གྱི་མ་གཞི་གྲུབ་ཡོད། དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་འགག་སྒྲོལ་གྱི་ལོ་འདི་ལ་རྫོང་ཡོངས་ཀྱི་གོང་འོག་ཚང་མས་གནད་འགག་གི་ལྷུ་ཚིགས་སྔར་ལས་འཛིན་པ་དང་། དཔལ་ཡོན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་དམིགས་ནས། གཞིས་དམངས་ཀྱི་བྱང་ཚད་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས་པ་དང་། གྲོང་ཁྱེར་གྱི་བྱེད་ནུས་ཇེ་མཐོར་གཏོང་བར་དམིགས་ནས་སྤྱི་པའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བར་དམིགས་ནས་ཕྱོགས་བསྡུས་ཁོར་ཡུག་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།གསར་སྐྲུན་གྱི་ཕན་འབྲས་ཇེ་མཐོར་གཏོང་བར་དམིགས་ནས་མཁར་གྲོང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས་པས། དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་བྱ་བར་ཕན་འབྲས་ངོ་མ་ལོན་པར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས་པ་རེད། །