དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

གླིང་ཁུལ་གྱི་བྱེ་འགྱུར་རྒྱ་ཁྱོན་ཇེ་ཆུང་དུ་སོང་བ་དང་སྔོ་ཁེབས་ཀྱི་སྐྱེ་ཁམས་སྤུས་ཀ་མུ་མཐུད་དུ་ཇེ་ལེགས་སུ་སོང་།

སྤེལ་དུས 2020-05-22 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
           ཉེ་ཆར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་དང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་གཉིས་ཀྱིས་མཉམ་འབྲེལ་སྒོས 《2018ལོའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་སྤྱི་བསྒྲགས》སྤེལ། 《སྤྱི་བསྒྲགས》ལས་མངོན་པ་ལྟར་ན། གླིང་ཁུལ་གྱི་ས་ངོས་བྱེ་འགྱུར་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་ཡོད་ལ། ཉེ་བའི་ལོ་བཅུའི་རིང་གི་ཆ་སྙོམས་དང་བསྡུར་ན། ས་ངོས་བྱེ་འགྱུར་ཅན་གྱི་རྒྱ་ཁྱོན་ཚབས་ཆེ་བ་དང་།འབྲིང་བ། ཆུང་བ་བཅས་སོ་སོར31.92%དང་། 16.23%དང8.12%ཇེ་ཉུང་དུ་ཕྱིན་ཡོད།
           ཁྱོན་ཡོངས་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གྲུབ་འབྲས་མཚོན་པའི་ཆེད་དུ།ཚན་རིག་གི་གཏན་འབེབས་ལྟར་ས་ཁོངས་རང་བཞིན་གྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ལམ་བུ་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་དང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་གཉིས་ཀྱིས་མཉམ་འབྲེལ་སྒོས《2018ལོའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་སྤྱི་བསྒྲགས》སྤེལ།《སྤྱི་བསྒྲགས》ཀྱིས་ས་ངོས་ལྟ་ཞིབ་ཚད་ལེན་རྒྱུ་ཆ་དང་འཁོར་སྐར་རྒྱང་ཚོར་གཞི་གྲངས་རྨང་གཞི་བྱས་ཡོད་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཀྱི2018ལོའི་རྩྭ་ས་དང་། གངས། འཁྱགས་ཀླུང་། ས་འཁྱག ཆུ་རྒྱུན་སོགས་སྐྱེ་ཁམས་ཁོར་ཡུག་གི་གྲུབ་རྒྱུ་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ས་གཤིས་ཀྱི་བརླན་ཚད་གནས་ཚུལ་དང་། ས་ཆ་བྱེ་འགྱུར་ཅན་དང་སྔོ་ཁེབས་སྐྱེ་ཁམས་སྤུས་ཀའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ས་ཁོངས་ནང་གི་གནམ་གཤིས་གཙོ་བོའི་གྲུབ་རྒྱུའི་འགྱུར་ལྡོག་གི་ཁྱད་ཆོས་ལ་དབྱེ་ཞིབ་བྱས། མཇུག་འབྲས་ལས་མངོན་པ་ལྟར་ན། གླིང་ཁུལ་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་མཐོན་པོར་འགྱུར་བཞིན་ཡོད་ལ། ཆར་ཆུ་འབབ་ཚད་ཉུང་བ་ནས་ཇེ་མང་དུ་འཕེལ་བཞིན་ཡོད། ཆ་སྙོམས་བྱས་ན་ལྟོས་བཅས་ཀྱི་བརླན་ཚད་འགྱུར་ལྡོག་ཅུང་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། རྩྭ་སྔོན་གྱི་སྐྱེ་སྟངས་བཟང་ཞིང་། ཆ་སྙོམས་ཀྱི་ཐོན་ཚད་མུའུ་རེ་ནས་སྤྱི་རྒྱ197རེད། ཟླ8པར་ལོ་གཅིག་གི་གྲངས་ཐང་ཆེ་ཤོས་སུ་བསླེབ་ཐུབ། ཕྱོགས་བསྡུས་དཔྱད་འཇོག་ལས“ཐོན་ལེགས་ལོར”ངོས་བཟུང་། ཁ་བས་གཡོགས་ཚད་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད། འཁྱགས་ཀླུང་གི་རྒྱ་ཁྱོན་ཅུང་ཟད་འཕར་བཞིན་ཡོད། ཐེངས་གཉིས་པའི་འཁྱགས་ཀློང་གི་དཀར་ཆག་སྒྲིག་རིམ་གྱི་གཞི་གྲངས་དང་ཕན་ཚུན་བསྡུར་ན། བརྒྱད་གཅིག་འཁྱགས་ཀླུང་གི་རྒྱ་ཁྱོན་ཅུང་ཇེ་ཆུང་དུ་ཕྱིན་ཡོད། གངས་དཀར་ཕྱོགས་ལས་འཁྱགས་ཀླུང་དང་མཐུན་སྒྲིལ་རིའི་འཁྱགས་ཀླུང་གི་རྒྱ་ཁྱོན་ཅུང་ཙམ་ཇེ་ཆེར་ཕྱིན་ཡོད། ཆེས་ཆེ་བའི་ས་འཁྱག་གི་ཟབ་ཚད་དང་ཉེ་བའི་ལོ་བཅུའི་རིང་གི་ཆ་སྙོམས་ཀྱི་ཆེས་ཆེ་བའི་འཁྱགས་ཀླུང་གི་ཟབ་ཚད་བསྡུར་ན། ནུབ་རྒྱུད་ས་ཁུལ་དུ་ཇེ་མང་ངམ་ཡང་ན་བརྟན་འཇགས་ཀྱི་རྣམ་པ་མངོན་ཡོད། ཤར་རྒྱུད་ས་ཁུལ་དུ་ཆུང་ངུ་དང་ཉུང་བའི་རྣམ་པ་མངོན་ཡོད། འཇུ་ལག་ཆུ་བོའི་ལོ་རེའི་བཞུར་རྒྱུན་དང་ཉེ་བའི་ལོ་བཅུའི་རིང་གི་ཆ་སྙོམས་བཞུར་རྒྱུན་གཞི་རྩའི་སྟེང་བརྟན་འཇགས་ཡིན་ཏེ། སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར26.70ཡིན་པ་དང་། ཟླ6པ་ནས་ཟླ8པར་ས་གཤིས་བརླན་ཚད་སྤྱིའི་ཆ་ནས་ལོ་སྔོན་མའི་དུས་མཉམ་ལས་བཟང་། དབུས་ཁུལ་ས་གཤིས་ཀྱི་ཆུ་འདྲེས་ཚད་ཇེ་མང་དུ་འགྲོ་བ་ཅུང་མངོན་གསལ་དུ་གྱུར། ས་ངོས་བྱེ་འགྱུར་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་ཡོད། ཉེ་བའི་ལོ་བཅུའི་རིང་གི་ཆ་སྙོམས་དང་བསྡུར་ན། ས་ངོས་བྱེ་འགྱུར་ཅན་གྱི་རྒྱ་ཁྱོན་ཚབས་ཆེ་བ་དང་།འབྲིང་བ།ཆུང་བ་བཅས་སོ་སོར31.92%དང་།16.23%དང8.12%ཇེ་ཉུང་དུ་ཕྱིན་ཡོད་པ་དང་། སྔོ་ཁེབས་སྐྱེ་ཁམས་སྤུས་ཀ་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད་ལ། ལྟེ་བའི་སྲུང་སྐྱོབ་ཁུལ་གྱི་སྔོ་ཁེབས་སྐྱེ་ཁམས་སྤུས་ཀའི་སྟོན་གྲངས་འཕར་སྟངས་སྤྱིར་བཏང་གི་ཚོད་འཛིན་ས་ཁུལ་ལས་ཅུང་དམའ་བར་གྱུར་ཡོད། །