སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚད་ཐིག་རྒྱུན་འཁྱོངས་བྱས་ནས་སྒྱུར་བཅོས་ཀྱི་རྣམ་པས་ལས་དོན་ཁག་ལ་སྐུལ་འདེད་བཏང་བ།
སྤེལ་དུས 2020-05-22
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཟླ5བའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཀྱི་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས། རྩ་བའི་བླང་བྱ་བློ་ལ་བརྟན་པོར་ངེས་པ་དང་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚད་ཐིག་བརྟན་སྲུང་བྱེད་དགོས་ལ། སྒྱུར་བཅོས་ཀྱི་རྣམ་པར་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཞེས་བསྟན།
ལིག་ཐའོ་སྔ་རྗེས་སུ“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”ལ་ལྟ་སྐོར་བྱས་པ་དང། ཡུལ་དངོས་སུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་ཞིང་ཆེན་འགྱེད་འཕྲོ་ཁོར་ཡུག་ལས་དོན་ས་ཚིགས་ཀྱི་ཚོད་ལྟ་ཁང་ལ་ལྟ་ཞིབ་བྱས་ནས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ལས་དོན་སྙན་ཞུར་ཉན་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་བླང་བྱ་དང་ལྷག་པར་དུ་མཚོ་སྔོན་གྱི་ལས་དོན་ལ་མངགས་བཅོལ་གནང་བ་ནི་ང་ཚོས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་། བློ་ལ་བརྟན་པོར་ངེས་དགོས་པ། རྒྱུན་དུ་སློབ་སྦྱོང་དང་བསམ་བློ་གཏོང་བའི་ལས་དོན་མཛུབ་ཁྲིད་ཡིན་པས། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།
ལིག་ཐའོ་ཡིས“ཆེ་ཤོས་གསུམ”དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པའི་རྩ་བའི་བླང་བྱ་བློ་ལ་བརྟན་པོར་ངེས་ནས། ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གནད་དོན་དང་བསམ་འཆར་ལ་ཐད་ཀར་དུ་དམིགས་ཏེ། མཇུག་འབྲས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ལྡོག་སྐུལ་བྱེད་དགོས། ཆབ་སྲིད་ཀྱི་ངེས་ཤུགས་ཇེ་བརྟན་དུ་བཏང་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འགན་འཁྲིའི་གསལ་ཐོ་སྔར་བས་ཁ་གསལ་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དག་ཐེར་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། “ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་གཙོ་གནད་ལས་དོན”གྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་གྱི་མཐུན་སྦྱོར་ནུས་ཤུགས་གང་ཡོད་འདོན་པ། བདེན་པ་བདེན་དྲང་གི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སྐྱོང་དམ་འཛིན་ནན་པོ་བྱེད་པ། གཞོགས་འདེགས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། འགན་འཁུར་ཕོད་པ། ལྷག་པར་དུ་དཀའ་སྡུག་མྱོང་ཐུབ་པ་དང་། འཐབ་འཛིང་བྱེད་ཐུབ་པ། ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམག་དཔུང་ཞིག་འཛུགས་སྐྱོང་བྱེད་པར་ཧུར་ཐག་བྱ་དགོས་ཟེར། །