དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ད་ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུས་བཅད་ལྟར་གསར་འཛུགས་བྱས་ཏེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོར་འགྱུར་བར་བྱ་རྒྱུ་རེད།

སྤེལ་དུས 2020-05-29 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
          ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་བྱ་བའི་ཇུས་གཞི》དཔར་འགྲེམ་བྱས་ཏེ། ད་ལོར་དངོས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱས་ཐོག རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོར་འགྱུར་བར་བྱ་རྒྱུ་རེད།
          གཙང་གསུམ་འབྱུང་ཡུལ་ནི་གནའ་ནས་རྩྭ་ཆུ་འཛོམས་ས་དང་། སྐྱེ་དངོས་སྣ་མང་ཡིན་པ། མཚེའུ་མང་བ་དང་། སྐྱེ་ཁམས་བཟང་བའི་ས་ཁུལ་ཞིག་ཡིན། དུས་རབས་སྔོན་མའི་མཇུག་ལ། གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོས་ཤན་ཤུགས་ཐེབས་རྐྱེན། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་བྱེད་ནུས་རྒྱུན་ཆད་མེད་པར་ཉམས་ཞན་དུ་གྱུར་ཏེ། མཚེའུ་ཇེ་ཉུང་དང་འཁྱགས་ཀློང་ཇེ་ཆུང་། རྩྭ་ཐང་ཞན་འགྱུར་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་གནོད་འཚེ་ཚབས་ཆེན་ཐེབས། དུས་རབས་གསར་པར་སླེབས་པ་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟིགས་རྒྱང་རིང་བ་དང་། དུས་བསྟན་རྟོག་དཔྱོད་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གསར་འཛུགས་བྱས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི39.5ཡོད་པའི་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བཟོ་འགོད་རིམ་པ་དང་པོ་དང་གཉིས་པ་ལག་བསྟར་བྱས་ཤིང་། ལོ་དུ་མའི་རིང་ལ་རྒྱུན་ཆད་མེད་པར་སྲུང་སྐྱོབ་དང་གསོ་སྐྱོང་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་ཐོབ།
          ད་ལོར་དུས་བཅད་ལྟར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པ་དེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྲད་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་ས་ཁུལ་ཐོག་མ་འཛུགས་པའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་འབྱུང་ཐུབ་མིན་ལ་རག་ལས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་ནི་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བར་ཕན་ལ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་ཐུབ། རང་ཞིང་གིས་སྔ་མོ་ནས་ཇུས་འགོད་དང་། སྔ་སྣུར་གྱིས་སྤེལ་མགོ་རྩོམ་པ། གྲ་སྒྲིག་འདང་ངེས་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྒྲིག་གཞི་ཚོད་ལྟའི་ས་ཁུལ་གྱི་ལས་འགན་ལེགས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་། དམིགས་འབེན་ལ་གཞོལ་བ་དང་། མཐུན་སྦྱོར་མཉམ་འགུལ་བྱེད་པ། རིགས་བགོས་ཇུས་བསྟར་དང་། གཙོ་གནད་འབུར་དུ་དོད་པ་བཅས་བྱས་ཏེ། རང་འགུལ་གྱིས་བྱས་རྗེས་འཇོག་པ་དང་། གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་སྤེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། གྲ་སྒྲིག་དང་། སྐུལ་སྤེལ། ཞིབ་བཤེར་རྩིས་ལེན་དང་། སྤྱི་གླིང་གསར་འཛུགས་བྱེད་པ་བཅས་ཀྱི་དུས་རིམ་བཞི་གཞིར་བཟུང་ནས་དུས་བཅད་ལྟར་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་ཚོད་ལྟ་ས་ཁུལ་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ། དུས་བཅད་ལྟར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་གསར་འཛུགས་བྱེད་པར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱ་རྒྱུ་རེད། །