དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

གེ་སར་ལོ་རྒྱུས་སྙན་ངག་གི་བོད་ལུགས་གཙག་དྲུབ་རིང་མོ་ཀོས་ནན་དུ“གཙག་མགོ”བརྩམས་པ།

སྤེལ་དུས 2020-06-28 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས18ཉིན། མཚོ་སྔོན་གྱི་གཙག་དྲུབ་སྟེ། ཀོས་ནན་བོད་ལུགས་གཙག་དྲུབ་སྤུས་ལེགས་ཐོན་རྫས་འགྲེམ་སྟོན་དང་གེ་སར་ལོ་རྒྱུས་སྙན་ངག་གི་བོད་ལུགས་གཙག་དྲུབ་རིང་མོ་གཙག་མགོ་རྩོམ་པའི་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བྱ་མདོ་ཞང་སྡེ་མང་སྡེ་བར་སྤེལ་ཞིང་། མ་དངུལ་སྒོར་ཁྲི2800ལྷག་བཏང་བ་དང་། ནང་གི་ཚངས་ཐིག་ཞེང་ཚད་ལ་སྨི1.1ཡོད་ཅིང་། ཤོག་དྲིལ་སྤྱིའི་རིང་ཚད་ལ་སྨི260ཡོད་པའི་གེ་སར་ལོ་རྒྱུས་སྙན་ངག་གི་བོད་ལུགས་གཙག་དྲུབ་རིང་མོ་དངོས་སུ“གཙགས་མགོ”བརྩམས།
        མཚོ་སྔོན་དམངས་ཁྲོད་སྲོལ་རྒྱུན་གཙག་དྲུབ་ཀྱི་བསྡུས་མིང་ལ“མཚོ་སྔོན་གཙག་དྲུབ”ཅེས་འབོད་ཅིང་། མཚོན་བྱེད་རང་བཞིན་ལྡན་པའི་ཧོར་རིགས་གཙག་དྲུབ་དང་། རྨ་ཙོང་གཙག་དྲུབ། ཀོས་ནན་བོད་ལུགས་གཙག་དྲུབ། ཧོང་ཀྲུང་གཙག་དྲུབ་སོགས་སྔ་གཞུག་ཏུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་ཐོའི་གྲས་སུ་ཚུད། དེའི་ཁྲོད་དུ། ལོ་རྒྱུས་ཤིན་ཏུ་རིང་བའི་ཀོས་ནན་བོད་ལུགས་གཙག་དྲུབ་ཀྱི་སྙན་གྲགས་ས་ཕྱོགས་ཀུན་ལ་ཁྱབ་ཡོད་པས།“བོད་ལུགས་གཙག་དྲུབ་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད།
        འགན་སྒྲུབ་ལས་ཁུངས་ཡིན་པའི་ཀོས་ནན་རྫོང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་པ་རིན་ཆེན་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཀོས་ནན་བོད་ལུགས་གཙག་དྲུབ་ནི་ས་དེའི་རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས། གེ་སར་ལོ་རྒྱུས་སྙན་ངག་གི་བོད་ལུགས་གཙག་དྲུབ་རིང་མོ“གཙག་མགོ”བརྩམས་པ་དེས“མངོན་མིན་རིག་གནས་ཤུལ་བཞག”དེ་མང་ཚོགས་ཀྱི་འཚོ་བའི་ཁྲོད་དང་མང་ཚོགས་དཀྱུས་མའི་ཁྲོད་དུ་བསྐྱོད་པར་སྐུལ་མ་བཏང་ཡོད་ཅིང་། ས་དེའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞིབ་འཇུག་དང་སྲུང་སྐྱོང་ལ་ཕན་ནུས་དང་ལྡན་པའི་སྒོ་ནས་སྐུལ་མ་བཏང་ཡོད་ལ། མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་བྱས་ཡོད།
        ཤེས་གསལ་ལྟར་ན། གེ་སར་ལོ་རྒྱུས་སྙན་ངག་གི་བོད་ལུགས་གཙག་དྲུབ་རིང་མོ་ཡོངས་སུ་འགྲུབ་པར་གཙག་དྲུབ་མཁན50ཡིས། དུས་ཡུན་ལོ་ལྔ་རིང་གཙག་དགོས། བརྩམས་ཆོས་གྲུབ་རྗེས། བོད་རིགས་ཀྱི་སྲོལ་རྒྱུན་མཐའ་སྒྲོམ་ཤོག་སྦྱར་མཛེས་བཟོ་རྣམ་པ་སྤྱད་དེ། གོང་འོག་དོ་སྙོམས་ཀྱིས་འཚེམ་དྲུབ་དང་རས་སྦྱར་རིས་དབྱིབས་ཟུང་འབྲེལ་བྱས་ཏེ་གྲུབ་པ་དང་། སྨི2རེའི་མཚམས་སུ་རྒྱན་སྤྲས་གཙགས་དྲུབ་བྱང་བུ་རེ་སྦྱར་ཡོད་ལ། གཙགས་དྲུབ་བྱང་བུ་རེ་རེའི་ནང་དོན་ནི་གེ་སར་དང་དུས་མཉམ་ཡིན་པའི་འཚོ་བའི་ཅ་ལག་ཡིན། དེའི་ཁྲོད་དུ། ལག་རྩལ་ཁོང་དུ་ཆུད་པའི་བུད་མེད་ཀྱིས་བོད་ལུགས་གཙགས་དྲུབ་བརྒྱུད་ནས་བཙལ་བའི་ལོ་རེའི་ཡོང་སྒོ་སྒོར་ཁྲི4ཡན་ལ་སླེབས་ཐུབ། །
རྩོམ་སྒྲིག་པ། སངས་སྐྱབས།